རྒྱ་གཞུང་གིས་གསར་འགོད་པ་སོ་བཞི་འཛིན་བཟུང་བྱས་འདུག

ཕྱི་ལོ་ཉིས་སྟོང་བཅུ་གཅིག་ནང་རྒྱ་གཞུང་གིས་གསར་འགོད་པ་༣༤འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་འདུག

2012.01.22

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས། རྒྱ་ནག་གཞུང་གིས་གསར་འགོད་པར་དམ་བསྒྲགས་ཀྱི་བྱ་སྤྱོད་ལག་བསྟར་བྱས་པར་བརྟེན་ནས། ༢༠༡༡ ལོར་གཞུང་གི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པ་དང༌། གཞུང་གི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་པའི་ཆབ་སྲིད་ཀྱི་ནག་ཉེས་བཙུགས་པའི་གསར་འགོད་པ་ཉུང་མཐར་ཡང་༣༤ འཛིན་བཟུང་བྱས་ཡོད་པའི་སྐོར་གསུང་བཞག
དེ་ཡང་ཨ་མི་རི་ཀའི་ནང་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བཏོན་པའི་ལོ་རེའི་སྙན་ཐོའི་ནང༌། རྒྱ་ནག་གཞུང་གིས་གཞུང་འཛིན་གུར་ཁྲན་ཏང་གི་གནས་ཚུལ་ཕྱི་འགྱར་འགྲོ་རྒྱུ་འགོག་ཐབས་ཀྱིས་གསར་འགོད་རང་དབང་ཐོག་ལ་དམ་བསྒྲགས་བྱེད་པའི་ཁར་ཉེ་བའི་དུས་ཚོད་ནང་དེ་བས་དམ་བསྒྲགས་ཆེ་རུ་བཏང་ཡོད་ཅིང༌། དེར་བརྟེན་རྒྱ་ནག་ནང་དུ་མུ་མཐུད་གསར་འགོད་རང་དབང་ཐོག་ལ་དམ་བསྒྲགས་བྱེད་པ་དེ་ཡིས་གསར་འགོད་པ་ཚོར་རྒྱ་ནག་གཞུང་འབྲེལ་གྱིས་གསར་འགྱུར་ག་རེ་བཏང་བ་དེའི་ལམ་སྟོན་ཁོ་ནའི་འོག་འགྲོ་རྒྱུ་ལས་རང་དབང་གི་གསར་འགྱུར་གཏོང་རྒྱུར་ཉེན་ཁ་བཟོ་གི་ཡོད་པ་མ་ཟད། གསར་འགོད་པར་ཆབ་སྲིད་ཀྱི་མིང་དོགས་སྣ་ཚོགས་བྱས་ཏེ། གཞུང་གི་སྲིད་དབང་མགོ་རྟིང་སློག་མཁན་དང༌། གཞུང་གི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་མཁན་གྱི་ནག་ཉེས་བཙུགས་ཏེ། བཙོན་མཇུག་གི་ཉེས་ཆད་བཏང་བའི་ནང་དུ། གསར་འགོད་པ་ཆི་ཀྲོང་ཧུའེ་ ཡིས་རྒྱ་ནག་གི་ཤར་ཕྱོགས་ཧྲན་ཏོང་ཞིང་ཆེན་གྱི་ས་གནས་གཞུང་གིས་ལྐོག་ཟ་རུལ་སུང་བྱེད་པའི་བྱ་སྤྱོད་ཐེར་འདོན་བྱས་པར་བརྟེན་ནས་༢༠༠༨ ལོར་མི་ལོ་བཞི་ཡི་བཙོན་འཇུག་ཉེས་ཆད་བཏང་ཡོད་ཀྱང་སླར་ཡང་ཁོང་གི་བཙོན་འཇུག་ཉེས་ཆད་ལོ་བརྒྱད་བར་འཕན་སྣོན་བྱས་ཡོད་པའི་སྐོར་བཀོད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎