ཡུ་གུར་གྱི་དོན་དུ་ཨའོསི་ཊརེ་ལི་ཡའི་ཚོགས་པ་ཡོངས་ཀྱི་གྲོས་ཚོགས་ཚོགས་པ་ཞིག་བཙུགས་པ།

2025.02.15
ཡུ་གུར་གྱི་དོན་དུ་ཨའོསི་ཊརེ་ལི་ཡའི་ཚོགས་པ་ཡོངས་ཀྱི་གྲོས་ཚོགས་ཚོགས་པ་ཞིག་བཙུགས་པ། ཡུ་གུར་གྱི་དོན་དུ་ཨའོསི་ཊརེ་ལི་ཡའི་ཚོགས་པ་ཡོངས་ཀྱི་གྲོས་ཚོགས་ཚོགས་པ་ཞིག་བཙུགས་པ།
Photo: RFA

ཕྱི་ཟླ་ ༢ ཚེས་ ༡༡ ཉིན་ཨའོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གྲོས་ཚོགས་ཚོགས་པ་ཞིག་གཏན་ལ་ཕབ་ཡོད་ཅིང་། གྲོས་ཚོགས་འཐུས་མི་ཚོས་དེ་ནི་ཡུ་གུར་མི་རིགས་ཚོར་རྒྱ་ནག་གཞུང་གིས་ཁོང་ཚོའི་ས་གནས་ཀྱི་སྤྱི་ཚོགས་ནང་ཐོབ་ཐང་གི་འབད་བརྩོན་དང་།  དེ་བཞིན་ཁོང་ཚོའི་ཕ་ཡུལ་རྒྱ་ནག་གི་ནུབ་ཕྱོགས་ཤིང་ཅང་ས་ཁུལ་དུ་ཁོང་ཚོར་གདོང་ལེན་བྱེད་བཞིན་པའི་མནར་གཅོད་སྐོར་སེམས་ཚབས་ཡོད་པའི་གནས་ཚུལ་གླེང་སའི་སྡིངས་ཆ་ཞིག་འབུལ་རྒྱུ་ཡིན་ཞེས་གསལ་སྟོན་གནང་འདུག 

Screenshot 2025-02-15 at 17-58-56 Australian lawmakers form parliament group to raise awareness of Uyghur persecution – Radio Free Asia.png

རེས་གཟའ་མིག་དམར་ཉིན་ཨའོསི་ཊརེ་ལི་ཡའི་རྒྱལ་ས་ Canberra མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཡུ་གུར་མི་རིགས་ཚོར་སྡུག་སྦྱོང་གཏོང་བའི་གྲོས་ཚོགས་ཀྱི་སྡེ་ཁག་གསར་འཛུགས་ཀྱི་མཛད་སྒོ་དང་གྲོས་བསྡུར་གྱི་བྱེད་སྒོ་ཞིག་གི་ཐོག་ལ་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཨའོསི་ཊརེ་ལི་ཡའི་ཚོགས་པ་ཡོངས་ཀྱི་གྲོས་ཚོགས་ཚོགས་པ་ཡུ་གུར་གྱི་དོན་དུ་ Australian All-Party Parliamentary Group for Uyghurs (AAPPGU) ཟེར་བ་གཞུང་འབྲེལ་གྱིས་བཙུགས་གནང་ཡོད་པ་རེད།  མཛད་སྒོ་དེ་ནི་གྲོས་ཚོགས་འཐུས་མི་Tony Zappia དང་Andrew Wallace དང་།  མཉམ་སྦྲེལ་ཚོགས་གཙོ་དང་ཨའོསི་ཊརེ་ལི་ཡའི་ཡུ་གུར་བུད་མེད་མཐུན་ཚོགས་བཅས་མཉམ་རུབ་ཀྱིས་གཙོ་སྐྱོང་གནང་བ་ཞིག་ཡིན་པ་རེད་བཞག  འདུ་འཛོམས་དེའི་ཐོག་གྲོས་ཚོགས་འཐུས་མི་Zappia ཡིས་གོང་ཞུས་AAPPGU ཟེར་བའི་ཚོགས་པ་དེ་བཙུགས་པ་ནི་འཛམ་གླིང་ཡུ་གུར་སྤྱི་ཚོགས་ལ་གོམ་པ་གལ་ཆེན་ཞིག་ཡིན་པ་གསལ་སྟོན་གནང་བ་དང་། ཡང་ཁོང་གིས་ཚོགས་པ་དེས་ཨའོསི་ཊརེ་ལི་ཡའི་ནང་གི་ཡུ་གུར་མི་མང་དང།  དེ་བཞིན་རང་ཡུལ་དུ་ཡོད་པའི་ཡུ་གུར་མི་རྣམས་ཀྱི་སྐད་གསང་སྒྲོག་ཐུབ་པ་བཟོ་རྒྱུ་ཡིན་ཞེས་གསལ་སྟོན་གནང་འདུག

Screenshot 2025-02-15 at 17-59-08 Australian lawmakers form parliament group to raise awareness of Uyghur persecution – Radio Free Asia.png

ཡང་Zappia ཡིས་དེ་ནི་རྒྱ་ནག་གིས་ཤིང་ཅང་ཞེས་འབོད་པའི་ཡུ་གུར་རང་སྐྱོང་ལྗོངས་སམ་ཡང་ནས་XUAR ལ་བརྩི་ཡི་ཡོད་ཅེས་དང་། ཡང་ཁོང་གིས་གྲོས་ཚོགས་ཚོགས་པ་གསར་པ་དེས་ཨའོསི་ཊརེ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཡུ་གུར་གྱི་གནད་དོན་ལེགས་པར་རྟོགས་པར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་ནན་བརྗོད་གནང་ཡོད་ལུགས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ནས་གནས་ཚུལ་སྤེལ་འདུག།

གསར་འགོད་པ། དབྱངས་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དང་ཆོས་རིག་གཉིས་ཀའི་ཐོག་འབྲེལ་ཐག་ཉེ་བའི་འབྲུག་ཡུལ་གྱིས་བོད་མིང་ལ་ཤི་ཙང་ཞེས་འབོད་འགོ་བཙུགས་པ་ནི་བློ་ཕམ་གྱི་གནས་རེད་ཅེས་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎