རྒྱ་ནག་གཞུང་གིས་མི་འབོར་གྲངས་བཤེར་དང་མཉམ་ཁྱིམ་མིའི་གནས་ཚུལ་བསྡུ་རུབ་བྱེད་བཞིན་འདུག


2020.11.20
རྒྱ་ནག་གཞུང་གིས་མི་འབོར་གྲངས་བཤེར་བྱེད་བཞིན་པ། ༡༡།༡།༢༠༢༠ རྒྱ་ནག་གཞུང་གིས་མི་འབོར་གྲངས་བཤེར་བྱེད་བཞིན་པ། ༡༡།༡།༢༠༢༠
STR / AFP

རྒྱ་ནག་གཞུང་གིས་མི་འབོར་གྲངས་བཤེར་དང་མཉམ་ཁྱིམ་མིའི་གནས་ཚུལ་བསྡུ་རུབ་བྱེད་བཞིན་པས་མང་ཚོགས་སྟངས་འཛིན་ཇེ་བདེར་གཏོང་རྒྱུའི་ལག་ཆར་འགྱུར་ཉེན་ཆེ་བའི་གནས་ཚུལ་སྤེལ་འདུག
རྒྱ་ནག་ནང་ལོ་བཅུ་རེའི་མཚམས་སུ་མི་འབོར་གྲངས་བཤེར་བྱེད་སྲོལ་ཡོད་པ་ལྟར། ཉེ་སྔོན་ཕྱི་ཚེས་༡ནས་བཟུང་རྒྱལ་ཡོངས་མི་འབོར་གྲངས་བཤེར་ཐེངས་བདུན་པ་དེ་འགོ་ཚུགས་ཡོད་འདུག རྒྱ་ནག་གཞུང་གིས་མི་འབོར་གྲངས་བཤེར་གྱི་ལས་འགུལ་འདི་རྒྱལ་ནང་དཔལ་འབྱོར་གྱི་སྲིད་ཇུས་དང་རྒྱལ་ཁབ་ཡར་རྒྱས་དང་འབྲེལ་བའི་འཛུགས་བསྐྲུན་གྱི་འཆར་འགོད་ལ་དམིགས་པ་ཞིག་ཡིན་ལུགས་བརྗོད་ཀྱི་ཡོད་པ་རེད། འོན་ཀྱང་། ཐེངས་འདིའི་འགེངས་ཤོག་གི་དྲི་བའི་ནང་དོན་ལ་ཕྲན་བུའི་འགྱུར་བ་བཏང་ཡོད་པ་དེས། གྲངས་བཤེར་འདི་བཞིན་མང་ཚོགས་ཁྲོད་དམ་དྲག་དང་སྟངས་འཛིན་ཇེ་ཆེར་གཏོང་རྒྱུའི་ལག་ཆ་ཞིག་ཏུ་འགྱུར་ཉེན་ཆེ་བའི་སྐོར་མང་པོས་བློ་ཚབས་བྱེད་བཞིན་ཡོད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རོ་ཨི་ཀྲར་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ལུང་འདྲེན་བྱས་པར་གཞིགས་ན། འདི་ལོའི་མི་འབོར་གྲངས་བཤེར་དང་འབྲེལ་བའི་གནས་ཚུལ་བསྡུ་རུབ་བྱ་སྐབས་གྲངས་བཤེར་གྱི་འགེངས་ཤོག་ནང་། ཁྱིམ་བདག་ཚོས་ཧོང་ཀོང་དང་ཐེ་ཝན། ཨོ་མན་གཙོས་པའི་ཕྱིའི་ཡུལ་གྲུ་ཁག་ནང་སྤུན་མཆེད་ཉེ་འབྲེལ་ཡོད་པ་ཚོའི་གནས་ཚུལ་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་འདུག
བོད་ནང་གི་བོད་མི་མང་པོར་རྒྱ་གར་དང་ཨ་རི། ཡོ་རོབ་བཅས་ཕྱིའི་ཡུལ་གྲུ་ཁག་ནང་སྤུན་ཉེ་ཡོད་པར་བརྟེན། གོང་གསལ་གྱི་གནས་ཚུལ་དེ་བཞིན་བོད་མིའི་གནས་སྟངས་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་པ་དང་། དཔེར་ན། འདི་ལོ་ཕྱི་ཟླ་༦པའི་ནང་། བོད་ནག་ཆུ་འབྲི་རུ་རྗོང་ནས་ཡིན་པ་རང་ལོ་༣༦ཅན་དང་ཕྲུ་གུ་གསུམ་གྱི་ཨ་མ་ལྷ་མོ་ལགས་དང་། ཁོང་གི་ཚ་བོ་བཅས་ཀྱིས་རྒྱ་གར་དུ་ཡོད་པའི་ནང་མི་སྤུན་ཉེ་ཚོ་ལ་དངུལ་བཏང་བའི་ཉེས་མིང་འོག་དོ་དམ་འཛིན་བཟུང་བྱས་ཞིང་། རྗེས་སུ་ཕྱི་ཟླ་༨པའི་ནང་ལྷ་མོ་ལགས་སྨན་ཁང་དུ་འདས་གྲོངས་སུ་འགྱུར་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོའི་ནང་གསལ་ཡོད་པ་རེད།
གཞན་ཡང་(Economic Daily)འམ་ཉིན་རེའི་དཔལ་འབྱོར་ཞེས་པའི་རྒྱ་ནག་གི་གཞུང་འབྲེལ་གསར་ཤོག་ནང་གསལ་ལྟར་ན། མི་འབོར་གྲངས་བཤེར་ཐེངས་བདུན་པའི་སྐབས། ཁྱིམ་ཚང་སོ་སོའི་ལོ་རྒྱུས་ཀྱི་གནས་ཚུལ་ཞིབ་ཕྲ་བསྡུ་རུབ་བྱས་པའི་ཁར་སྔོན་དང་མི་འདྲ་བར་མི་རེ་རེའི་ངོ་རེའི་ངོ་སྤྲོད་ལག་འཁྱེར་ནང་གི་པར་དང་། མི་རིགས། གཏན་སྡོད་ཁ་བྱང་། སྐྱེས་ལོ་སྐྱེས་ཚེས་ལ་སོགས་གནས་ཚུལ་ཡོངས་རྗོགས་བསྡུ་རུབ་བྱེད་བཞིན་ཡོད་པ་དང་། ངོ་སྤྲོད་ལག་འཁྱེར་གྱི་གནས་ཚུལ་དེ་དག་རྒྱལ་ཡོངས་གློག་རྡུལ་ཡིག་ཚགས་ནང་བཅུག་ནས་ནམ་ཞིག་ཆབ་སྲིད་ཀྱི་དམ་དྲག་བྱེད་པའི་ལག་ཆར་བེད་སྤྱོད་བྱེད་ཉེན་ཆེ་བ་བཅས་གནས་ཚུལ་ནང་གསལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎