བོད་མི་དམར་བསད་བཏང་བ་འཁྱོག་བཤད་རེད་ཟེར།

རྒྱ་མིའི་ཉེན་རྟོག་པས་བོད་མིའི་ཐོག་མེ་མདའ་བརྒྱབ་པའི་གནས་ཚུལ་འཁྱོག་བཤད་བྱས་ཏེ་རྒྱ་ནག་གཞུང་ལ་མིང་འཕྱད་བཟོས་ཡོད་སྐོར་བཤད།

2012.01.30

༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྲིད་གཞུང་ཁག་དང་ངན་པ་ཁ་མཐུན་བྱས་ནས་ཉེ་དུས་བོད་ཀྱི་ས་ཁུལ་ཁག་ནང་རྒྱ་མིའི་ཉེན་རྟོག་པས་བོད་མིའི་ཐོག་མེ་མདའ་བརྒྱབ་པའི་གནས་ཚུལ་འཁྱོག་བཤད་བྱས་ཏེ་རྒྱ་ནག་གཞུང་ལ་མིང་འཕྱད་བཟོས་ཡོད་སྐོར་རྒྱ་ནག་ཉིན་རེའི་གསར་ཤོག་གིས་སྐྱོན་འཛུགས་བྱས་བཞག།
བདུན་སྔོན་མའི་རེས་གཟའ་ཟླ་བ་ནས་བཟུང་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་བསྟུད་མར་བྱས་པར་་རྒྱ་མིའི་ཉེན་རྟོག་དཔུང་དམག་གིས་གང་བྱུང་མེ་མདའ་བརྒྱབ་ནས་བོད་མི་མང་པོ་འཆི་རྨས་བཏང་བའི་ཚབས་ཆེའི་གནས་ཚུལ་ཡོང་བཞིན་ཡོད་པ་རེད། བོད་ནང་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཚོགས་སྡེ་ཁག་གིས་གསུངས་ན།རྒྱ་མིའི་མེ་མདའི་འོག་བོད་ཀྱི་མདོ་སྟོད་སྨད་ཁུལ་འདས་པའི་བདུན་ཕྲག་གཉིས་ནང་ཤེས་རྟོག་བྱུང་བར་ཉུང་མཐར་བོད་མི་བདུན་ཙམ་འཆི་སྐྱོན་དང་བོད་མི་༦༠ལྷག་འཛིན་བཟུང་བྱས་ཡོད་པར་ཡིད་ཆེས་གནང་གི་ཡོད་ནའང༌། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་ བོད་མིས་ཉེན་རྟོག་ལས་ཁང་ཐོག་གཏོར་རྐྱོན་བཏང་བ་འགོག་ཐབས་དང་ཉེན་རྟོག་པས་རང་ཉིད་སྲུང་སྐྱོབ་ཆེད་བོད་མིའི་ཐོག་མེ་མདའ་བརྒྱབ་ཡོད་ཁུལ་བརྗོད་འདུག།
དབྱིན་ཡིག་ནང་བཏོན་པའི་རྒྱ་ནག་མི་མང་ཉིན་རེའི་གསར་ཤོག་གི་རྩོམ་སྒྲིགས་པའི་གླེང་བརྗོད་ནང༌། བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་༧གོང་ས་༧ཏཱ་ལའི་བླ་མ་མཆོག་གིས་ ནུབ་ཕྱོགས་རྒྱལ་ཁབ་ནས་རྒྱབ་སྐྱོར་ཡོང་ཐབས་སུ་བོད་ནང་ཆེད་མངགས་ཟིང་ཆ་སློང་ཐབས་གནང་བཞིན་ཡོད་པའི་སྐྱོན་འཛུགས་ཞུས་ཡོད་པ་དང༌། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གཞུང་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱ་རྒྱུའི་དམིགས་ཡུལ་ཁོ་ནའི་ཐོག་ནས་༧གོང་ས་༧ཏཱ་ལའི་བླ་མ་མཆོག་ལ་དཔལ་འབྱོར་གྱི་རོགས་རམ་དང་རྒྱབ་སྐྱོར་ཞུ་གི་ཡོད་ལུགས་འགྲེལ་བརྗོད་བྱས་འདུག།དེ་བཞིན་གོང་ཞུས་རྒྱ་མིའི་གསར་ཤོག་དེའི་ནང༌།༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྐུ་སྒེར་གྱི་ཆབ་སྲིད་ཁེ་ཕན་འགྲུབ་ཐབས་སུ་བོད་རྒྱ་ཆེའི་མི་མང་གི་ཕུགས་ཀྱི་ཁེ་ཕན་ཁ་བསྒྱུར་གནང་རྒྱུའི་འབད་བརྩོན་ལ་ལམ་ལྷོང་ཡོང་གི་མ་རེད་ཅེས་ཞུས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎