རྒྱ་ནག་གིས་རྫ་དབོན་པོ་ཁུལ་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་གསུམ་པོ་ཡང་གློད་བཀྲོལ་བཏང་འདུག

2021.10.27
རྒྱ་ནག་གིས་རྫ་དབོན་པོ་ཁུལ་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་གསུམ་པོ་ཡང་གློད་བཀྲོལ་བཏང་འདུག རྫ་དབོན་པོ་སྡེ་དགོན་གཉིས། ༼ཟླ་ཚེས་མི་གསལ
མཐུན་འགྱུར་པར་རིས།

རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་ཟེར་བའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་རྫ་ཆུ་ཁ་རྫ་སྨད་དབོན་པོ་ཁུལ་གྱི་དགོན་གྲོང་ས་ཁུལ་ནས་བོད་མི་ཚོའི་སྡོད་ཁང་གི་ནང་༧གོང་ས་མཆོག་གི་སྐུ་པར་ཡོད་མིན་དང་། ཁ་པར་གྱི་ནང་ཕྱི་ཕྱོགས་ལ་འབྲེལ་བ་བྱས་མིན་སོགས་ཀྱི་རྟོག་ཞིབ་བྱས་ཏེ། ཕྱི་ཟླ་༨པའི་ཟླ་མཇུག་ནས་བཟུང་རིམ་བཞིན་བོད་མི་སྐྱ་སེར་༡༢༡འཛིན་བཟུང་བྱས་པའི་ཁྲོད་དགེ་འདུན་པ་གསུམ་མ་གཏོགས་ཚང་མ་ཀློད་གྲོལ་བཏང་ཡོད་ཀྱང་ཉེ་ཆར་དགེ་འདུན་པ་གསུམ་པོ་ཡང་གློད་བཀྲོལ་བཏང་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་ཀྱང་། ཁོང་རྣམ་པ་ག་དུས་གློད་གྲོལ་བཏང་མིན་དང་གཟུགས་གཞིའི་གནས་སྟངས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་རྫ་ཆུ་དབོན་པོ་ཁུལ་དུ་འདི་ལོ་ཕྱི་ཟླ་༨་ཚེས་༢༢་ཙམ་ཞིག་རྒྱ་མིའི་དམག་མི་ཕོན་ཆེ་རླངས་འཁོར་མང་པོའི་ནང་འབྱོར་ཏེ་དབོན་པོ་དགོན་གྲོང་གཉིས་ཀྱི་ནང་༧གོང་ས་མཆོག་གི་སྐུ་པར་ཡོད་མིན་བསྔོག་བཤེར་དང་ཁ་པར་གྱི་ནང་ཕྱི་ཕྱོགས་ལ་འབྲེལ་བ་བྱས་ཡོད་མིན་རྟོག་ཞིབ་བྱེད་འགོ་བཙུགས་པ་ནས་བཟུང་སྔ་རྗེས་བོད་མི་སྐྱ་སེར་གྲངས་༡༢༡་་འཛིན་བཟུང་བཀག་ཉར་བྱས་པའི་ཁྲོད་བོད་མི་སྐྱ་སེར་བཞི་ཕྱི་ཟླ་༨་པའི་ཟླ་མཇུག་ཏུ་གློད་གྲོལ་བཏང་པ་དང་དེ་འཕྲོས་གོང་ཞུས་དགེ་འདུན་པ་གསུམ་མ་གཏོགས་བོད་མི་སྐྱ་སེར་༡༡༤་་ཕྱི་ཟླ་་་༩་་ཟླ་མཇུག་ཏུ་གློད་གྲོལ་བཏང་ཡོད་པ་རེད། དེའི་འཕྲོས་དགེ་འདུན་པ་གསུམ་པོ་ཡང་ཉེ་ཆར་གློད་བཀྲོལ་བཏང་ཡོད་འདུག།

གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎