རང་ཉིད་ཀྱི་བསམ་ཕྱོཊ་འཁྲུག་རྒྱུ་དང་ངེས་ཤེས་བརླག་རྒྱུ་སྔོན་འགོག

2014-07-21
གློག་འཕྲིན།
མཆན།
Share
པར་བཀོད།
ཞི་ཅིན་ཕེན་ཉེ་སྔོན་ཚོགས་པའི་རྒྱལ་སྟོན་དུས་ཆེན་གྱི་སྣེ་ལེན་འདུ་འཛོམས་སྐབས།
ཞི་ཅིན་ཕེན་ཉེ་སྔོན་ཚོགས་པའི་རྒྱལ་སྟོན་དུས་ཆེན་གྱི་སྣེ་ལེན་འདུ་འཛོམས་སྐབས།
པར། AFP

རྒྱ་མིའི་དཔོན་རིགས་ཚོ་ནུབ་ཕྱོགས་པའི་ལྟ་གྲུབ་ཀྱི་གནོན་ཤུགས་འོག་རང་ཉིད་ཀྱི་བསམ་ཕྱོགས་འཁྲུག་རྒྱུ་སྔོན་འགོག་བྱེད་དགོས་ཟེར།
དེ་ཡང་རྒྱ་ནག་གཞུང་འབྲེལ་The Global Times ཟེར་བས་གནས་ཚུལ་སྤེལ་དོན། རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པས་ཉེ་དུས་བརྡ་ཐོ་ཞིག་འགྲེམས་སྤེལ་བྱས་པའི་ནང་རྒྱ་གཞུང་གི་དཔོན་རིགས་ཚོས་མར་ཁེ་སེའི་ལྟ་གྲུབ་ལ་སྦྱོང་བརྡར་གཏིང་ཟབ་བྱས་པ་བརྒྱུད་ནས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་ཡོད་པ་དེ་ཡང་བསྐྱར་ངེས་ཤེས་བརྙེད་པ་བཟོ་དགོས་སྐོར་ནན་བརྗོད་བྱས་འདུག ཡང་ནུབ་ཕྱོགས་པའི་ལྟ་གྲུབ་ཟེར་བ་དེའི་ནང་མང་གཙོའི་ལམ་ལུགས་དང་ཀུན་ཁྱབ་རིན་ཐང་། ཞི་བའི་སྤྱི་ཚོཌ་སོགས་ཚུད་པའི་ཁ་སྣོན་དུ་རྨོང་དད་དང་ཆོས་ལུགས་སོགས་ནས་ཀྱང་ཉེན་སྲུང་བྱེད་དགོས་ལུགས་ཀྱི་བཀའ་བཏང་འདུག ད་དུང་གོང་ཞུས་བརྡ་ཐོ་དེས་རྒྱ་ནག་གཞུང་གི་དཔོན་རིགས་དང་ལས་བྱེད་པ་ཚོས་རྒྱ་མིའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཌ་རིང་ལུགས་ལ་ཡིད་ཆེས་བརྟན་པོ་བྱེད་དགོས་པ་མ་ཟད། རྒྱ་ནག་གུང་བྲན་ཏང་གི་སློབ་གྲ་གཙོས་པའི་སྡེ་ཚོགས་ཁག་གིས་ཀྱང་རྒྱ་ནག་གི་སྲོལ་རྒྱུན་གྱི་རིག་གཞུང་སློབ་འཁྲིད་བྱེད་དགོས་པ་དང་། རྒྱ་མིའི་དཔོན་རིགས་ཚོས་རྒྱ་ནག་གི་བསམ་པའི་དཔལ་ཡོན་གྱི་རང་དབང་ལ་སྲུང་སྐྱོབ་བྱས་ཏེ་ནུབ་ཕྱོགས་པའི་བཟང་སྤྱོད་ཀྱི་རིན་ཐང་ལེགས་ཆ་རུ་རྩིས་རྒྱུ་འཛེམས་དགོས་སྐོར་ཡང་བརྗོད་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

མཆན། (1)
Share

རྣམ་རྒྱལྲ

ནས། དྷ་ས།

"སྔོག་འགོག་"ཟེར་ན?

Jul 22, 2014 07:15 AM

དྲ་གནས་ཆ་ཚང༌།