རྒྱ་ནག་གི་དྲྭ་རྒྱའི་གསང་ཉུལ་བས་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོའི་གློག་འཕྲིན་ནང་སིམ་འཛུལ་བྱས་འདུག

2023.07.21
རྒྱ་ནག་གི་དྲྭ་རྒྱའི་གསང་ཉུལ་བས་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོའི་གློག་འཕྲིན་ནང་སིམ་འཛུལ་བྱས་འདུག རྒྱ་ནག་གི་དྲྭ་རྒྱའི་གསང་ཉུལ་བས་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོའི་གློག་འཕྲིན་ནང་སིམ་འཛུལ་མཚོན་དོན་པར་རིས།
སྒྲིག་བཟོ། /RFA

དེ་ཡང་ཨ་རིའི་(WSJ)་གསར་འགྱུར་ཁང་གིས་འདི་ཚེས་༢༠ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་དྲྭ་རྒྱའི་གསང་ཉུལ་བའི་སྒྲིག་འཛུགས་ཤིག་གིས་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་(Nicholas Burns)་དང་། དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཤར་ཨེ་ཤེ་ཡའི་ལས་དོན་ཐད་ཀྱི་ཕྱག་རོགས་སྐུ་ཞབས་(Daniel Kritenbrink)་སོགས་ཀྱི་གློག་འཕྲིན་ནང་སིམ་འཛུལ་བྱས་ནས་ཉུང་མཐར་ཨ་རིའི་སྲིད་གཞུང་གི་མི་སྣ་ཁྲི་བཅུ་གྲངས་ཤིག་གི་གློག་འཕྲིན་ཁ་བྱང་རྐུ་འཁྱེར་བྱས་ཡོད་པ་བཀོད་འདུག
གནས་ཚུལ་དེའི་ཐད་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་འདྲི་རྩད་བྱས་སྐབས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་དྲྭ་རྒྱའི་གསང་མྱུལ་གྱི་གྱོད་དོན་དེའི་ཐད་ཞིབ་འཇུག་བྱེད་མུས་ཡིན་པ་བརྗོད་པ་མ་གཏོགས་གནས་ཚུལ་ཞིབ་ཕྲ་གླེང་མི་འདུག
གཞན་ཨ་རིའི་ཚོང་དོན་དྲུང་ཆེ་(Gina Raimondo)་ཡི་གློག་འཕྲིན་ལ་ཡང་སིམ་འཛུལ་བྱས་ཡོད་པ་དང་དེ་ནི་དྲྭ་རྒྱའི་གསང་ཉུལ་བས་སིམ་འཛུལ་བྱས་པའི་ཨ་རིའི་དཔོན་རིགས་གསུམ་པ་དེ་ཡིན་པ་རེད།
འདི་ག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཆེན་མོ་(Liu Peng)་ལ་(RTR)་གསར་འགྱུར་ཁང་གིས་གོང་བརྗོད་གནས་ཚུལ་དང་འབྲེལ་བའི་དྲི་བ་དྲིས་བར་གློག་འཕྲིན་བརྒྱུད་ལན་འདེབས་བྱས་པའི་ནང་། རྒྱ་ནག་གི་ངོས་ནས་དྲྭ་རྒྱའི་གསང་ཉུལ་གྱི་བྱ་སྤྱོད་རིགས་ལ་ངོ་རྒོལ་ཐ་གཅིག་ཏུ་བྱེད་ཀྱི་ཡོད་ལུགས་བརྗོད་ནས། དྲྭ་རྒྱའི་གསང་ཉུལ་བའི་ཡོང་ཁུངས་ངོས་འཛིན་རྒྱུ་དེ་ནི་རྙོག་འཛིང་ཆེ་བའི་འཕྲུལ་རྩལ་གྱི་གནད་དོན་ཞིག་ཡིན་དུས། དེའི་ཐད་ཆེད་ལས་རང་བཞིན་དང་དྲང་བདེན་རང་བཞིན་གྱི་ཐོག་ནས་ཞིབ་འཇུག་བྱེད་པའི་རེ་བ་ཡོད་མ་གཏོགས། གཞི་མེད་ཚོད་དཔག་དང་སྐྱོན་འཛུགས་བྱེད་རྒྱུ་དེ་མ་རེད། དེ་བས་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་དྲྭ་རྒྱའི་གསང་ཉུལ་གྱི་སྒྲིག་འཛུགས་ཤིག་དང་འབྲེལ་བ་ཡོད་ལུགས་བརྗོད་པ་དེ་ནི་གནས་ཚུལ་རྫུན་བཟོ་བྱས་པ་ཡིན་ལུགས་བརྗོད་ཡོད་འདུག


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
གྲོས་ཚོགས་ནང་ཇོ་ནང་སྤྱི་འཐུས་ཁ་སྣོན་དང་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་བཏོན་གནང་སོང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡོ་རོབ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གི་ཚོགས་ཆེན་སྟེང་༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མགོན་པོ་མཆོག་ཁོ་ནར་ཡོད་པའི་སྤྱི་མོས་གྲོས་ཆོད་བཞག་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎