རྒྱ་ནག་གིས་རྔ་བ་རྫོང་གི་ཁྲོམ་གཞུང་ནས་དྲག་ཤུགས་ངོམ་པ།

2014-07-18
གློག་འཕྲིན།
མཆན།
Share
པར་བཀོད།
མདོ་སྨད་རྔ་བ་རྫོང་གི་ཁྲོམ་གཞུང་ནས་རྒྱ་ནག་གིས་དྲག་ཤུགས་ངོམ་བཞིན་པ། ༢༠༡༤།༧།༡༨
མདོ་སྨད་རྔ་བ་རྫོང་གི་ཁྲོམ་གཞུང་ནས་རྒྱ་ནག་གིས་དྲག་ཤུགས་ངོམ་བཞིན་པ། ༢༠༡༤།༧།༡༨
བོད་འབྱོར།

བོད་ནས་བོད་མི་ཞིག་གིས་རྒྱ་ནག་གིས་ང་ཚོའི་ཐོག་འདུག་མི་བཟོད་པའི་དྲག་ཤུགས་ངོམ་ནས་འཇིགས་རྔམ་སྟོན་བཞིན་འདུག་ཟེར།
དེ་ཡང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཨ་མདོ་རྔ་པ་རྫོང་ཐོག་དུ་རྒྱ་ནག་གཞུང་གིས་དམིགས་བསལ་གྱི་དམ་དྲག་དང་སུན་གཙེར་འཇིགས་བསྐུལ་གྱི་ཐབས་ཤེས་འདྲ་མིན་ཡང་ཡང་བྱེད་བཞིན་པ་དང་། ལྷག་པར་ཟླ་༧ཚེས༡༨ཉིན་རྔ་བ་ནས་འདི་ག་རླུང་འཕྲིན་ཁང་ལ་ཐད་ཀར་བརྙན་ཐུང་ཞིག་འབྱོར་བའི་ནང་། ཚེས༡༨ཉིན་མདོ་སྨད་རྔ་བ་ཁུལ་རྔ་བ་རྫོང་ཐོག་ཏུ་རྒྱ་ནག་གི་དྲག་པོའི་དཔུང་དམག་དང་། ཉེན་རྟོག་པ། མེ་གསོད་རུ་ཁག་སོགས་ཀྱིས་གོ་མཚོན་འདྲ་མིན་ཐོག་པ་དང་། དམག་གི་རླངས་འཁོར་འདྲ་མིན་མཉམ་རུ་བསྒྲིགས་ཀྱིས་རྫོང་ཡོངས་སུ་སྐོར་གཡེང་བྱས་ནས་ས་གནས་མི་མང་དྲག་ཤུགས་ངོམ་བཞིན་པ་དང་། འཇིགས་སྐུལ་ཀྱི་རྣམ་པ་སྟོན་བཞིན་པས་ན། བརྙན་ཐུང་དེའི་ནང་ས་གནས་བོད་མི་ཞིག་གིས། འདི་ནི་དེ་རིང་རྔ་བ་རྫོང་ཐོག་གི་གནས་སྟངས་ཡིན་ལ། རྒྱ་ནག་གིས་ང་ཚོའི་ཐོག་འདུག་མི་བཟོད་པའི་འཇིགས་རྔམ་སྟོན་བཞིན་འདུག་ཅེས་ངོ་སྤྲོད་བྱེད་བཞིན་པ་གསལ་བོ་གོ་ཐུབ་པ་འདུག
སྤྱི་ལོ་༢༠༠༩་ནས་བཟུང་ད་བར་བོད་མི་མི་གྲངས་༡༣༡་ཙམ་གྱིས་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་མིའི་རང་དབང་གི་ཆེད་དུ་རང་ལུས་མེར་བསྲེགས་ཀྱི་ཐོག་ནས་བློས་གཏོང་ཆེན་པོ་བྱས་ཡོད་ཅིང་། དེའི་ནང་ནས་མང་ཤོས་རྔ་པ་ཁུལ་དང་ལྷག་དོན་རྔ་པ་རྗོང་ཐོག་ཏུ་བོད་མི་མང་པོས་ངོ་རྒོལ་ནང་ཚེ་སྲོག་ཤོར་ཡོད་པ་རེད།

གསར་འགོད་པ་ཀརྨ་རྡོ་རྗེ།

བརྙན་ཐུང་གཤམ་ནས་གཟིགས་ཐུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།