ད་ལོ་ནད་ཡམས་སྔོན་འགོག་ཆེད་མི་མང་འདུ་འཛོམས་མེད་པར་འཁྲུངས་སྐར་སྲུང་བརྩི་ཞུ་འཆར་འདུག

2021.06.30
ད་ལོ་ནད་ཡམས་སྔོན་འགོག་ཆེད་མི་མང་འདུ་འཛོམས་མེད་པར་འཁྲུངས་སྐར་སྲུང་བརྩི་ཞུ་འཆར་འདུག བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་བཀའ་དྲུང་ཡིག་ཚང་།
Lhuboom/RFA

ད་ལོ་བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་གཞུང་འབྲེལ་མཛད་རིམས་ནད་ཡམས་ཁྱབ་གདལ་སྔོན་འགོག་ཆེད་མི་མང་འདུ་འཛོམས་སོགས་མེད་པའི་སྒོ་ནས་སྲུང་བརྩི་ཞུ་འཆར་འདུག
བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་གིས་ད་ལོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཆོག་དགུང་གྲངས་བརྒྱད་ཅུ་གྱ་དྲུག་ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་ཕྱོགས་ཐད་ནད་ཡམས་ཁྱབ་གདལ་སྔོན་འགོག་ཆེད་མི་མང་འདུ་འཛོམས་མེད་པའི་ཐོག་ནས་སྲུང་བརྩི་ཞུ་དགོས་པའི་ལམ་སྟོན་གནང་འདུག
འདི་ཚེས་༢༨་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་གིས་སྤེལ་བའི་གསལ་བསྒྲགས་ནང་། ད་ལྟའི་ཆར་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་གནས་སྟངས་ལས་གྲོལ་མེད་སྟབས། འཛིན་སྐྱོང་བཀའ་ཤག་དང་། དགོན་སྡེ། ཚོགས་སྒེར་ཁག་བཅས་ནས་ཐུགས་འགན་ཆེ་བཞེས་ཀྱིས་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་གཙོས་དཀའ་ངལ་
སེལ་ཐབས་གནང་མུས་དང་། ཧི་མ་ཅལ་གཞུང་གི་བཀོད་ཁྱབ་གཞིར་བཟུང་ཏོག་དབྱིབས་
གཉན་རིམས་སྔོན་འགོག་ཆེད་ཚོགས་ཁང་ནང་མི་གྲངས་༥༠་ལས་མང་བ་འདུ་འཛོམས་མི་ཆོག་པ་ལྟར་སྤྱི་ཟླ་༧་ཚེས་༦་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་༨༦་ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མང་ཚོགས་འདུ་འཛོམས་ཀྱིས་མཛད་སྒོ་འཚོགས་མ་དགོས་པར། ས་གནས་དང་དགོན་སྡེ་སོ་སོ་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྡལ་རྟེན་གསུམ་འདེགས་འབུལ་དང་། རྟེན་འབྱུང་འཇལ་དར་སྒྲོན་འབུལ་ཞུས་ན་འཐུས་རྒྱུ་དང་། ཉེ་ཆར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཕེབས་དོན་བཞིན། དེ་ཉིན་སྤྱན་རས་གཟིགས་ཀྱི་གཟུང་སྔགས་མ་ཎི་ཡིག་དྲུག་ཉུང་མཐར་ཕྲེང་འཁོར་བཅུ་རེ་མི་རེ་ངོ་རེ་ནས་ངེས་པར་སྨིན་སྒྲུབ་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ནས་ཉིན་དེར་འཛམ་གླིང་ཡོངས་ལ་༧རྒྱལ་བའི་འཁྲུངས་སྐར་གྱི་མཛད་སྒོའི་ལས་རིམ་ཆ་ཚང་ཐད་ཀར་རྒྱང་སྲིང་ཞུ་རྒྱུ་ཡིན་
ན། རང་ཁྱིམ་དུ་བཞུགས་ནས་མཛད་སྒོར་མཉམ་ཞུགས་གནང་རྒྱུ་དང་། ཕྱི་རྒྱལ་ཡུལ་གྲུ་སོ་སོའི་སྔོན་འགོག་ལམ་སྟོན་གཞིར་བཟུང་༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་དགོས་པ་བཅས་འཁོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དོན་ཞུ་གཏུག་མཐུན་ཚོགས་ནས་རྒྱ་གར་གྲོས་ཚོགས་གོང་འོག་ནང་བོད་དོན་གླེང་སློང་ཡོང་ཆེད་ལྡི་ལིར་བོད་དོན་ཞུ་གཏུག་གནང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎