༧གོང་ས་མཆོག་ནས་ཝིཡེཏ་ནམ་མཇལ་བཅར་བ་ཚོར་མི་ཎིའི་ལྗགས་ལུང་དང་ཡིག་དྲུག་གི་འགྲེལ་པ་བསྩལ་གནང་མཛད་པ།


2019-11-27
Share
 ༧གོང་ས་མཆོག་ནས་ཝིཡེཏ་ནམ་མཇལ་བཅར་བ་ཚོར་མི་ཎིའི་ལྗགས་ལུང་དང་ཡིག་དྲུག་གི་འགྲེལ་པ་བསྩལ་གནང་མཛད་པ། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཝིཡེཏ་ནམ་མཇལ་བཅར་བ་ཚོར་མ་ཎིའི་ལྗགས་ལུང་དང་ཡིག་དྲུག་གི་འགྲེལ་པ་བསྩལ་གནང་མཛད་པ།
དགའ་ལྡན་ཕོ་བྲང་།

འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མ་ཎི་ཡི་གེ་དྲུག་པ་གྲངས་གསོག་དང་སྤྱན་རས་གཟིགས་ཀྱི་སྒོམ་སྒྲུབ་ཉམས་ལེན་བྱ་མཁན་བོད་བརྒྱུད་ནང་བསྟན་རྗེས་འབྲངས་པ་ཚོའི་ཁྲོད་མང་པོ་ཡོད་ཅིང་།  བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༡༡ ཚེས་ ༢༧ གཟའ་ལྷག་པའི་ཉིན་བཞུགས་སྒར་རྡ་རམ་ས་ལར་ཝིཡེཏ་ནམ་གྱི་དད་ལྡན་ཁག་གཅིག་ལ་མཇལ་ཁ་བསྩལ་བའི་སྐབས། གཟུངས་སྔགས་ཡིག་དྲུག་མའི་ལྗགས་ལུང་དང་མ་ཎིའི་འགྲེལ་བ་སྙིང་བསྡུས་ཤིག་སྩལ་འདུག   

དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་གནས་ནང་གསལ་ལྟར་ན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༡༩ ཟླ་༡༢་ཙེས་༡༡ ཉིན་རྒྱ་གར་ནུབ་ཕྱོགས་གྷོ་བ་གཙུག་ལག་སློབ་ཆེན་དུ་དེང་རབས་ཀྱི་དུས་ཚོད་དང་ན་ལན་ཊའི་སློབ་གཉེར་གྱི་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་མཛད་རྒྱུ་ཡིན་པ་དང་། དེ་ནས་༡༢ ཚེས་༡༤་ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་ནང་རྟེན་གཞི་བྱས་པའི་ལྡན་ས་ཆེ་མོ་འབྲས་སྤུང་སྒོ་མང་གྲ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་བསྐྱང་གནང་རྒྱུ་དང་། ༡༢ ཚེས་༡༥་ནས་༡༧་བར་འབྲས་སྤུང་དུ་འཇམ་དབྱངས་ཆོས་འཁོར་གྱི་ཁྲོ་སྐྱོང་ཆོས་འབྲེལ་བསྩལ་རྒྱུ་དང་། ༡༢ ཚེས་༢༠ ཉིན་རྗེ་ཙོང་ཁ་པ་ཆེན་པོའི་་རྗེས་དྲན་གྱི་རྒྱལ་སྤྱའི་ཚོགས་འདུ་དབུ་འབྱེད་ཀྱི་ཚོགས་མགོན་དུ་ཕེབས་རྒྱུ་དང་ ། ༡༢་ཚེས་༢༡ དགའ་ལྡན་དུ་རྗེ་ཙོང་ཁ་པ་ཆེན་པོའི་ལོ་ངོ་༦༠༠ འཁོར་བའི་དུས་དྲན་སྲུང་བརྩིའི་ཐོག་ཆིབས་བསྒྱུར་དང་ཚེས་༢༢་ཉིན་ལྡན་ས་གྲ་ཚང་ཁག་ནས་བརྟན་བཞུགས་བསྟར་འབུལ་སོགས་ཀྱི་མཛད་འཆར་དུ་མ་ཞིག་བསྐྱང་གནང་མཛད་རྒྱུ་ཡིན་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།