༧གོང་ས་མཆོག་གི་༧སྐུའི་གྱ་སྟོན་སྲུང་བརྩི་གཟབ་རྒྱས་གནང་བཞིན་པ།


2015.06.22
བཞུགས་སྒར་དུ་༧གོང་ས་མཆོག་གི་༧སྐུའི་གྱ་སྟོན་སྲུང་བརྩི་གནང་བཞིན་པ། ༢༠༡༥།༦།༢༢ བཞུགས་སྒར་དུ་༧གོང་ས་མཆོག་གི་༧སྐུའི་གྱ་སྟོན་སྲུང་བརྩི་གནང་བཞིན་པ། ༢༠༡༥།༦།༢༢
འཇིགས་མེད་སྙན་གྲགས། /RFA

༧གོང་ས་མཆོག་གིས་ད་དུང་ལོ་གྲངས་༢༠་ཙམ་རིང་ཨེམ་ཆིས་ངོས་ལེན་ཡོད་པའི་ཐོག་ནས་སྐུ་ཁམས་བཟང་པོར་ཞུགས་རྒྱུ་ཡིན་ལུགས་གསུངས་བ།
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་དང་། རི་བོ་དགེ་ལུགས་པ། མདོ་སྨད་ཆོལ་ཁ་བཅས་ཐུན་མོང་ནས་༧གོང་ས་མཆོག་བོད་ལུགས་ལྟར་དགུང་གྲངས་བརྒྱད་ཅུར་བཞེས་པའི་སྐུའི་འཁྲུངས་སྐར་གྱི་གྱ་སྟོན་ཟབ་རྒྱས་ཤིག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཛད་སྒོ་གནང་ཡོད་པ་དེའི་སར་༧གོང་ས་མཆོག་གིས་ད་དུང་ལོ་གྲངས་༢༠་ཙམ་རིང་ཨེམ་ཆིས་ངོས་ལེན་ཡོད་པའི་ཐོག་ནས་སྐུ་ཁམས་བཟང་པོར་ཞུགས་རྒྱུ་ཡིན་ལུགས་བཀའ་བསྩལ་ཡོད་པ་དང་། ད་དུང་༧གོང་ས་མཆོག་གིས་བཀའ་གནང་བར་མ་འོངས་༧གོང་ས་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཀྱི་གནད་དོན་དེ་ཚོའི་ཐད་དགུང་གྲངས་༩༠་མཚམས་སུ་ཕེབས་དུས་ཡང་སྲིད་དགོས་མིན་སོགས་ཀྱི་གནད་དོན་དེ་ཚོ་ཡིག་ཐོག་ནས་ཁ་གསལ་བཀོད་སྒྲིག་བྱས་ཏེ་འཇོག་རྒྱུ་ཡིན་ལུགས་བཀའ་གནང་ཡོད་པ་རེད། ༧གོང་ས་མཆོག་དབུས་པའི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་བླ་ཆེན་རྣམ་པ་དང་། མཁན་པོ་བླ་སྤྲུལ་རྣམ་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་དང་ལས་ཟུར་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་དབུས་སྤྱི་འཐུས་རྣམ་པ། གཞན་ཡང་རྒྱ་གར་དང་ཕྱི་རྒྱལ་གྱི་སྐུ་མགྲོན་མང་པོ་ཕེབས་བཞུགས་གནང་ཡོད་པ་དང་། དེ་གར་༧གོང་ས་མཆོག་གིས་བཀའ་གནང་བར་དེ་རིང་ཁ་སང་འཛམ་བུ་གླིང་འདིའི་སྒང་ལ་དངོས་པོ་ཡར་རྒྱས་ཚད་མཐོ་པོ་སླེབས་པ་ཚོས་མ་འདང་ས་དེ་སེམས་ཀྱི་རྣམ་བཞག་ཆགས་ཡོད་པས། འཛམ་བུ་གླིང་ཡོངས་རྫོགས་ལ་མ་འདང་སའི་གནས་ཚུལ་གཅིག་ཡོད་བསྡད་པ་དེ། ང་ཚོ་བོད་པའི་ཤེས་ཡོན་ཐོག་ནས་ཕར་སྣོན་ཕན་ཐོགས་བྱེད་ཐུབ་པའི་ཆ་རྐྱེན་དང་ནུས་པ་ཡོད་པའི་བཟོ་འདྲ་པོ་ཞིག་འདུག ཁྱེད་རང་ཚོ་ཕྲུ་གུ་ཚོ་ཡིན་ན་ཡང་ཕྱི་ལོགས་ཀྱི་ཁྲ་ཁྲ་ཟིང་ཟིང་དེ་ཚོ་རྐྱང་རྐྱང་ལ་བསམ་བློ་མི་གཏོང་བར། ང་རང་ཚོའི་མེས་པོས་བཞག་པའི་རང་སྐད་ཡིག་དང་རིག་གཞུང་། ལྷག་དོན་དུ་ནང་སེམས་ཁམས་རིག་པའི་ཐོག་ལ་བཤད་བཞག་པ་དེ་ཚོའི་ཐོག་ལ་དོ་སྣང་མང་ཙམ་བྱེད་དགོས་པ་རེད་ཅེས་སོགས་བཀའ་གནང་ཡོད་པ་རེད། དེ་བཞིན་སྐུའི་གྱ་སྟོན་གྱི་མཛད་སྒོའི་སར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། གཞན་ཡང་རྒྱ་གར་དབུས་གཞུང་གི་ཤེས་རིག་དང་ཡུལ་སྐོར་སྤྲོ་འཆམ་ལས་དོན་བློན་ཆེན་ Mahesh Sharma དང་། ནང་སྲིད་བློན་ཆེན་གཞོན་པ་Kiren Rijijuསོགས་རྣམ་པས་ཀྱང་མཛད་སྒོའི་སར་ཕེབས་བཞུགས་དང་༧གོང་ས་མཆོག་ལ་ཆེད་བསྟོད་ཀྱི་གསུང་བཤད་གནང་ཡོད་པ་རེད།

གསར་འགོད་པ་ཕྲེང་རིང་བསྟན་ནོར།

བཞུགས་སྒར་དུ་བོད་ལྗོངས་མདོ་སྨད་ཆོལ་ཁ་ནས་༧གོང་ས་མཆོག་གི་སྐུའི་གྱ་སྟོན་སྲུང་བ་རྩི་གཟབ་རྒྱས་ཞུས་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས༎

གསར་འགོད་པ་བསྟན་འཛིན་དབང་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎