༧གོང་ས་མཆོག་རྒྱ་གར་ལྡི་ལི་ཕྱོཊ་སུ་ཆིབས་ཞལ་བསྒྱུར་གནང་འདུག

2016-12-08
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལྡི་ལི་སོགས་ཀྱི་ནང་མཛད་འཆར་ཁག་གཅིག་བསྐྱང་ཆེད་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གནང་སྐབས། ༢༠༡༦།༡༢།༨
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལྡི་ལི་སོགས་ཀྱི་ནང་མཛད་འཆར་ཁག་གཅིག་བསྐྱང་ཆེད་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གནང་སྐབས། ༢༠༡༦།༡༢།༨
ཨྱོན་བསྟན་འཛིན། /RFA

བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་མཛད་འཕྲིན་བསྐྱང་ཆེད་ཕྱི་ཚེས་༨་ཉིན་བཞུགས་ནས་ཆིབས་བསྒྱུར་བསྐྱངས་གནང་མཛད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བའི་ནང་མཛད་འཆར་གཞིར་བཟུང་ལྟར་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱེད་པའི་Ambedkar་གཙུག་ལག་སློབ་གྲས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ཕྱི་ཚེས་༩་ཉིན་གྱི་སྔ་དྲོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་སློབ་གྲྭ་དེའི་སློབ་མ་མཐར་སོན་གྱི་མཛད་སྒོ་ཐེངས་ལྔ་པའི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་གྱིས་དགེ་ལས་སློབ་ཕྲུག་ཡོངས་ལ་བཀའ་སློབ་བསྩལ་གནང་མཛད་རྒྱུ་ཡིན་འདུག མཛད་སྒོའི་ཐོག་ལྡི་ལི་མངའ་སྡེའི་སྲིད་སྐྱོང་སྐུ་གཞོན་དང་། Ambdedkar་གཙུག་ལག་སློབ་གྲྭའི་སྤྱི་ཁྱབ་གཅིག་ལྕོག་སྐུ་ཞབས་Najeeb Jung་ཀྱང་ལྷན་བཞུགས་གནང་གི་ཡོད་འདུག
ཡང་ཉིན་དེ་རང་ལ་མགོན་པོ་གང་ཉིད་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱེད་པའི་ལྡི་ལི་བོད་ཁང་དང་། བོད་ཀྱི་སྨན་རྩིས་ཁང་ཐུན་མོང་གི་གོ་སྒྲིག་གནང་བའི་བོད་ཀྱི་དུས་དྲན་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་གྱིས་མང་ཚོགས་ལ་བཀའ་སློབ་བསྩལ་གནང་མཛད་རྒྱུ་ཡིན་འདུག་ཅིང་ལྡི་ལི་ཁུལ་གྱི་མཛད་འཆར་གྲུབ་མཚམས་ཕྱི་ཚེས་༡༤ ཉིན། ༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་Mysore་གཙུག་ལག་སློབ་གྲའི་སློབ་མ་མཐར་སོན་གྱི་མཛད་སྒོ་ཐེངས་༩༧་པའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱི་བཀའ་སློབ་གསུང་བཤད་བསྩལ་རྒྱུ་མ་ཟད། གཙུག་ལག་སློབ་གཉེར་ཁང་ནས་༧གོང་ས་མཆོག་ལ་ཆེས་བསྟོད་ཀྱི་ཕྱག་འཁྱེར་འབུལ་གནང་མཛད་རྒྱུ་ཡིན་འདུག
ཚེས་༡༤་ཉིན་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་Banglore་རྟེན་གཞི་བྱེད་པའི་ཏཱ་ལའི་བླ་མའི་ཆེད་མཐོའི་སློབ་གཉེར་ཁང་གི་དཔེ་མཛོད་ཁང་གསར་པ་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱོང་གནང་མཛད་རྒྱུ་ཡིན་འདུག
དེ་རྗེས་ཕྱི་ཚེས་༡༨་ནས་༢༠་བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱེད་པའི་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་འདུ་ཁང་ནང་། གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་དབང་དང་ཚན་རིག་པའི་ལྷན་ཚོགས་ཐོག་ཤེས་པའི་རྣམ་གཞག་དང་། སྲོག་ཆགས་ཀྱི་བྱུང་རིམ་སྐོར་གྱི་བརྗོད་གཞིའི་ཐོག་བགྲོ་གླེང་ལས་རིམ་ནང་ལྷན་ཞུགས་མཛད་རྒྱུ་ཡིན་འདུག
ཕྱི་ཚེས་༢༡་ཉིན་དཔལ་ལྡན་འབྲས་སྤུངས་ཕྱག་བཏབ་ནས་མི་ལོ་ངོ་༦༠༠་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོར་དབུ་བཞུགས་ཐོག གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་པ་དགེ་འདུན་ཞལ་གྲངས་༧༠༠་ཙམ་ལ་ལྷ་རམས་དགེ་བཤེས་ཀྱི་ཕྱག་འཁྱེར་གསོལ་སྩལ་མཛད་རྒྱུ་དང་། དེ་ནས་ཕྱི་ཚེས་༢༢་ཉིན་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་བཙུན་མའི་ཁྲོད་དགེ་བཤེས་ཐོན་པ་བཙུན་མ་གྲངས་༢༠་ཙམ་ལ་དགེ་བཤེས་མའི་ཕྱག་འཁྱེར་གསོལ་སྩལ་མཛད་རྒྱུ། དེ་བཞིན་མོན་གྷོ་གཏན་སློབ་དབུ་བརྙེས་ནས་ལོ་ངོ་༥༠་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱང་གནང་མཛད་རྒྱུ་ཡིན་པ་རེད།
གནས་ཚུལ་རྒྱས་པ་བཞུགས་སྒར་ནས་འདི་གའི་གསར་འགོད་པ་ལོ་བྷེ་ལགས་ཀྱིས་བཏང་གནང་བའི་གནས་ཚུལ་ལ་གསན་རོགས།

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།