༸གོང་ས་མཆོག་གི་སྐུ་པར་སྒྲིག་བཤམས་བྱས་བ་ལ་བརྟེན་ནས་གཅར་རྡུང་།

2019-07-29
གློག་འཕྲིན།
མཆན།
Share
པར་བཀོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
དགའ་ལྡན་ཕོ་བྲང༌།

རྒྱ་གཞུང་གིས་དབྱེ་བའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དུ་འདི་ལོའི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྐབས་བསང་གསོལ་གཏོང་མཁན་དང་།  རྒྱལ་ཁབ་ཀྱི་ལས་འཆར་རྣམ་གྲངས་ཁོངས་གསར་བཟོ་བྱས་པའི་ཁང་བའི་ནང་དུ་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམས་བྱས་ཡོད་མཁན་ཁྲོ་སྨད་དང་།   གནའ་ཐ་སྡེ་བའི་མང་ཚོགས་ལ་རྒྱ་ནག་གཞུང་གི་དམག་མིས་རྡུང་རྡེག་དང་འཛིན་བཟུང་བྱས་ཡོད་པའི་སྐོར་བོད་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན།  ད་ལྟའི་འཆར་དཔལ་ཡུལ་རྫོང་ཁྲོམ་དགེ་ར་འམ་ཁྲོ་རྨད་དང་།  གནའ་ཐ་ཡུལ་ཚོ་གཉིས་ཀྱི་སྡེ་བའི་ནང་དུ་ད་ལོར་༧རྒྱལ་བ་ཡིད་བཞིན་ནོར་བུའི་སྐུའི་འཁྲུངས་སྐར་སྐབས་སུ་བསང་གསོལ་བཏང་སོང་ཟེར་ནས་སྡེ་བའི་མི་ཁ་ཤས་འཛིན་བཟུང་བཙན་ཁྲིད་བྱས་ནས་་དམ་དྲག་ཆེན་པོ་བྱས་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་རོགས་སྐྱོར་ལས་འཆར་རྣམ་གྲངས་སྤྲད་ནས་གསར་རྒྱག་བྱས་བའི་ཁང་བའི་ནང་དུ་གནས་སྤོར་བྱས་ཡོད་པའི་མང་ཚོགས་རྣམས་ཀྱིས་རང་ཁྱིམ་དུ་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམས་བྱས་ཡོད་པ་ཡུལ་ཚོའི་མགོ་ཁྲིད་རྣམས་ལྟ་སྐོར་དུ་ཡོང་ནས་མཐོང་སྟེ།  རྒྱལ་ཁབ་ཀྱི་ལས་བྱེད་དང་ལྷན་དུ་སྟོད་གོས་ནག་པོ་གྱོན་ཡོད་མཁན་གྱི་དམག་མི་སླེབས་ནས་སྐུ་པར་ཚང་མ་མར་ལེན་དུ་བཅུག་ནས་གཞུང་བཞེས་བཏང་བ་མ་ཟད།   སྐུ་པར་སྒྲིག་བཤམས་བྱེད་མཁན་གྱི་མང་ཚོགས་རྣམས་ལ་འགྲམ་ལྕག་གཞུས་ནས་གཅར་རྡུང་བྱས་ཡོད་འདུག    ཡང་ཁོང་གིས་རྒྱ་ནག་གཞུང་གིས་འབྲོག་པ་གྲོང་སྡེ་ཅན་དུ་བསྒྱུར་བ་ཞེས་བའི་མིང་ཐོག་ནས་འཛུགས་སྐྲུན་བྱས་བའི་ཁང་བའི་ནང་སྡོད་མཁན་མང་ཚོགས་ལ་དེ་ལྟར་གཅར་རྡུང་བཏང་ཡོད་པ་རེད་མ་གཏོགས་རྒྱལ་ཁབ་ཀྱི་ལས་བའི་ཁང་བའི་ནང་སྡོད་མེད་མཁན་མང་ཚོགས་ལ་བསྔོག་བཤེར་དང་རྡུང་རྡེག་བཏང་མེད་པ་འདི་ག་རླུང་འཕྲིན་ཁང་འགྲེལ་བརྗོད་གནང་བྱུང་།   ཁང་པ་དེ་དག་ལ་རྒྱ་སྒོར་ཁྲི་བརྒྱད་ནས་༡༡་བར་གྱི་འགྲོ་སོང་བཏང་ནས་ལས་ཡོད་པ་དང་།  རྗེས་སུ་མང་ཚོགས་རྣམས་ནང་དུ་གནས་སྤོར་དུ་བཅུག་པ་རེད་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་གིས་ནག་འཇོམས་ངལ་སེལ་གྱི་ལས་འགུལ་སྤེལ་ནས་དམ་དྲག་ཆེན་པོ་བྱེད་བཞིན ་ཡོད་དང་།  གནས་ཚུལ་མཁོ་སྤྲོད་པ་ཁོང་ས་གནས་དེ་གར་ཡོད་ཀྱང་།  སྡེ་བ་ཁ་ཁ་ཡིན་སྟབས་འཛིན་བཟུང་བྱས་བའི་མི་རྣམས་ཀྱི་མིང་རེ་རེ་བཞིན་ཤེས་རྟོགས་བྱུང་མི་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།