ཕྱི་དངོས་པོའི་ཡར་རྒྱས་དང་མཉམ་ནང་སེམས་ཀྱི་ཞི་བདེ་ཡོང་རྒྱུ་དེ་ཧ་ཅང་གལ་ཆེ། ༧གོང་ས་མཆོག་གིས།

2021-07-14
Share
ཕྱི་དངོས་པོའི་ཡར་རྒྱས་དང་མཉམ་ནང་སེམས་ཀྱི་ཞི་བདེ་ཡོང་རྒྱུ་དེ་ཧ་ཅང་གལ་ཆེ། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བཀའ་ཆོས་སྩལ་གནང་བཞིན་པ། ༧།༡༤།༢༡
OHHDL

ཕྱི་དངོས་པོའི་ཡར་རྒྱས་དང་ཆབས་ཅིག་ནང་སེམས་ཀྱི་ཞི་བདེ་ཡོང་རྒྱུ་དེ་ཧ་ཅང་གལ་ཆེན་རེད་ཅེས་༧གོང་ས་མཆོག་གིས་ལ་དྭགས་ཀྱི་ཆོས་ཞུ་བ་ཚོར་བཀའ་བསྩལ་ཡོད་པ་རེད།
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཆོས་གནང་བཞིན་པའི་ཉན་གཉིས་བ་འདི་ཚེས་༡༤་ཉིན་གྱི་བཀའ་ཆོས་སྐབས། ༧གོང་ས་མཆོག་གིས། ཕྱིའི་དངོས་པོ་ཡར་རྒྱས་ཇི་ཙམ་ཕྱིན་ཀྱང་ནང་སེམས་ཀྱི་ཞི་བདེ་སྒྲུབ་མི་ཐུབ་པ་ཧ་ཅང་གསལ་བོ་ཡིན་ནའང་། ཕྱི་དངོས་པོའི་ཡར་རྒྱས་དགོས་མཁོ་ཡོད་པས། ཕྱི་དངོས་པོའི་ཡར་རྒྱས་དང་ཆབས་ཅིག་ནང་བསམ་བློ་ཞི་བདེ་ཡོང་རྒྱུ་དེ་ཤིན་ཏུ་གལ་ཆེན་ཡིན་པ་བཀའ་གནང་ཡོད་པ་རེད།
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་ལ་དྭགས་ཀྱི་དད་ལྡན་པ་ཚོར་བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་བསྩལ་གྲུབ་པ་དང་བསྟུན། བྱང་ཆུབ་སེམས་བསྐྱེད་ཀྱི་ཆོས་འབྲེལ་གནང་བ་དང་། ལ་དྭགས་ཀྱི་གཞོན་སྐྱེས་སློབ་ཕྲུག་ཚོར་བཀའ་འདྲི་བཀའ་ལན་གྱི་གོ་སྐབས་ཤིག་ཀྱང་ཕུལ་ཡོད་ཅིང་། སྐབས་དེར་རྒྱ་གར་རྒྱལ་ཡོངས་འཕྲུལ་ལས་སློབ་གྲྭའི་སློབ་ཕྲུག་བསོད་ནམས་འགྱུར་མེད་ལགས་ནས། འཛམ་གླིང་འདིར་ཆོས་ལུགས་དང་ཆབ་སྲིད་གང་ཐད་དུ། ཕྱོགས་ལྷུང་གི་གནས་ཚུལ་མང་པོ་འབྱུང་བཞིན་པར་གདོང་ལེན་གནང་སྟངས་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་ཆོས་ལུགས་ཚང་མའི་སྙིང་པོ་གཞན་ཕན་གྱི་བསམ་པ་ཡིན་པ་དང་། ཆོས་དང་ཆབ་སྲིད། དཔལ་འབྱོར་གང་ལའང་གཞན་ཕན་གྱི་བསམ་བློ་ནི་ཁེ་ཕན་ཆེ་ཤོས་ཡིན་པ་བཀའ་ལན་གནང་སོང་།
གཞན་ཡང་ལ་དྭགས་གླེ་ས་གནས་ཀྱི་ཁཱན་ངྷི་རཱི་ཡ་ཝི་ངྷི་ཡ་ལ་གི་སློབ་ཕྲུག་མེ་ཧཀ་ཧྥ་ཏི་མ་ལགས་ནས། ༧གོང་ས་མཆོག་ལ་ནང་པ་ཙམ་མིན་པའི་ཆོས་ལུགས་ཚང་མའི་རྗེས་འཇུག་ཚོས། གུས་ཞབས་གནང་དོན་ཅི་ཡིན་གྱི་སྐོར་བཀའ་འདྲི་ཞུས་པར། ངོས་ནས་ཆོས་ལུགས་མཐུན་སྒྲིལ་ཧ་ཅང་གལ་ཆེན་དུ་མཐོང་སྟེ་ཆོས་ལུགས་ཚང་མ་ལ་གུས་ཞབས་བྱེད་ཀྱི་ཡོད་པས། ཆོས་ལུགས་འདྲ་མིན་གྱི་ཆོས་པ་མང་པོས་ང་ལ་དགའ་མོས་གནང་གི་རེད་ཅེས་བཀའ་ལན་གནང་ཡོད་པ་རེད།

2021-07-14-Dharamsala-G08_SA94277.jpg
རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་ཁྲིག་སེ་རིན་པོ་ཆེ་མཆོག་གིས། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་ཤེས་ཡོན་བསྟི་གནས་དང་དཔེ་མཛོད་ཁང་གསར་བརྒྱག
དམིགས་བསལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སོགས་བསླབ་ཀྱི་སྙན་སྒྲོན་དང་མཉམ། ༧གོང་ས་མཆོག་ལ་དྭགས་སུ་གང་མགྱོགས་ཆིབས་བསྒྱུར་ཡོང་བའི་གསོལ་འདེབས་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།