༧གོང་ས་མཆོག་དང་རྒྱ་ནག་གི་སྲིད་འཛིན་བར་མཇལ་འཕྲད་གནང་ཐབས་ལ་རྒྱ་གར་གྱིས་གཟབ་ནན་བྱས་འདུག

2019-05-15
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་གྱི་(NDTV)བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་གྲགས་ཅན་(Sonia Singh)་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
རྒྱ་གར་གྱི་(NDTV)བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་གྲགས་ཅན་(Sonia Singh)་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
Sonia Singh/ twitter

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་བར་མཇལ་མོལ་གནང་ཐབས་བྱས་ཡོད་ཀྱང་རྒྱ་གར་གཞུང་གིས་གཟབ་ནན་གནང་སྟབས་མཇལ་འཕྲད་བྱུང་ཐུབ་མེད་པའི་རྩོམ་ཡིག་སྤེལ་འདུག
ཕྱི་ལོ་༢༠༡༤་ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་ནང་མཇལ་འཕྲད་གནང་རྒྱུར་མོས་མཐུན་བྱུང་ཡོད་ཀྱང་རྒྱ་གར་གཞུང་གིས་ཐུགས་གཟབ་གནང་སྟབས་མཇལ་འཕྲད་དེ་གནང་ཐུབ་མེད་པ་རྒྱ་གར་གྱི་(NDTV)བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་གྲགས་ཅན་སོ་ནི་ཡ་སིངག་(Sonia Singh)གིས་བྲིས་པའི་དེབ་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཅར་འདྲི་དགོངས་སྐོར་ཞིག་ཞུས་པའི་སྐབས་བཀའ་གནང་ཡོད་པ་ལུང་འདྲེན་ཞུས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་འདིའི་ཐད་དགའ་ལྡན་ཕོ་བྲང་ཡིག་ཚང་དུ་འབྲེལ་བ་ཞུས་སྐབས། དེའི་ཐད་གསལ་བཤད་གང་ཡང་གནང་ཡག་མེད་པ་བཀའ་ལན་གནང་ཡོད་པ་རེད།
རྒྱ་གར་གྱི་གསར་འགོད་པ་སོ་ནི་ཡ་སིངག་གིས་བྲིས་པའི་(The Defining India)འམ་རྒྱ་གར་གྱི་ཚད་འཛིན་རྣམ་པ་ཞེས་པའི་དེབ་དེའི་ནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལ་གཟིགས་ཚུལ་སྐོར་བྲིས་ཡོད་འདུག་པ་དང་། དེ་ཡང་དཔེ་དེབ་བྲིས་པ་པོས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཞལ་པར་ཐོག་འགྲེལ་བརྗོད་གནང་པར་གཞིགས་ན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ནེཧ་རུ་ནས་བཟུང་ད་བར་གྱི་རྒྱ་གར་གྱི་གཞུང་རིམ་པས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་ཚོར་གཟིགས་རྟོག་ཧ་ལས་པའི་ཆེན་པོ་གནང་ཡོད་པ་བཀའ་གནང་ཡོད་འདུག་ཅིང་། རྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་གནང་རྒྱུའི་སྐོར་གྱི་གནད་དོན་འདི་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་གནང་པའི་ཆ་ཤས་ཤིག་ཡིན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།