༸གོང་ས་མཆོག་ཐེ་དབན་དུ་གདན་འདྲེན་ཞུ་རྒྱུའི་འབད་བརྩོན།

ཐེ་དབན་གྲོས་ཚོགས་ཀྱི་འཐུས་མིས་༸གོང་ས་མཆོག་ཐེ་དབན་ནང་གཞུང་འབྲེལ་ཐོག་ནས་གདན་འདྲེན་ཞུ་རྒྱུའི་གྲོས་འཆར་བཏོན་རྒྱུ་ཡིན་འདུག

2012.06.30

༄༅༎ཐེ་དབན་གྲོས་ཚོགས་ཀྱི་འཐུས་མིས་༸གོང་ས་མཆོག་ཐེ་དབན་ནང་གཞུང་འབྲེལ་ཐོག་ནས་གདན་འདྲེན་ཞུ་རྒྱུའི་གྲོས་འཆར་བཏོན་རྒྱུ་ཡིན་འདུག

ཐེ་དབན་མཐུན་སྒྲིལ་མཉམ་འབྲེལ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ལིང་ཧྲེ་ཅའ་ཡིས་ཐེ་བན་གྲོས་ཚོགས་སུ་༸གོང་ས་མཆོག་ཐེ་དབན་དུ་གཞུང་འབྲེལ་ཐོག་ནས་གདན་འདྲེན་ཞུ་རྒྱུའི་གྲོས་གཞི་ཞིག་གྲོས་ཚོགས་སུ་བཏོན་རྒྱུ་ཡིན་ལུགས་འགྲེལ་བརྗོད་བྱས་པ་དང༌། ཁོང་གིས་ང་ཚོས་བོད་མི་ཚོའི་རང་དབང་ཆེད་དགོས་འདུན་ལ་གདུང་སེམས་མཉམ་སྐྱེས་མཚོན་ཐབས་ཆེད། ༸གོང་ས་ཏ་ལའི་བླ་མ་མཆོག་གཞུང་འབྲེལ་ཐོག་ནས་ཐེ་དབན་གྲོས་ཚོགས་སུ་བཀའ་སློབ་གནང་རྒྱུར་གདན་དྲེན་ཞུ་རྒྱུའི་གྲོས་གཞི་གྲོས་ཚོགས་སུ་བཏོན་རྒྱུ་དང་།  ཁོང་གིས་གྲོས་ཚོགས་ཀྱི་འཐུས་མི་ཚོའི་ས་ནས་གྲོས་འཆར་དེར་རྒྱབ་སྐྱོར་བྱེད་མཁན་གྱི་ས་རྟགས་ལེན་ནས།  ཐེ་དབན་གྲོས་ཚོགས་ལྷན་ཐོག་ཐ་མ་དེའི་སྐབས་གྲོས་གཞི་དེ་བཏོན་ཐུབ་པའི་འབད་བརྩོན་གནང་རྒྱུ་ཡིན་ལུགས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཀརྨ་ཚེ་བརྟན་ལགས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་འགོ་ཁྲིད་དུ་བདམས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎