འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་པས་ཨ་རིའི་ནང་སྐོར་བསྐྱོད།


2017.07.27
འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་ཁག་གཅིག་གིས་དཀྱིལ་འཁོར་བཞེངས་བཞིན་པ། ༢༠༡༧ འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་ཁག་གཅིག་གིས་དཀྱིལ་འཁོར་བཞེངས་བཞིན་པ། ༢༠༡༧
drepunggomang.org

ཨ་རིའི་(Okhlahoma)་མངའ་སྡེའི་(Tulsa)་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་(Unity Center)་འམ་ཆིག་སྒྲིལ་ལྟེ་གནས་ཞེས་པའི་ཡི་ཤུའི་ཆོས་ཚོགས་ཀྱི་གོ་སྒྲིག་འོག་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་ཁག་གཅིག་(Tulsa)་གྲོང་ཁྱེར་ནང་ཚེས་༢༥ཉིན་འགོ་འཛུགས་ཀྱི་ཚེས་༣༡་བར་སྐོར་བསྐྱོད་གནང་བཞིན་འདུག
(Tulsa)་གྲོང་ཁྱེར་གྱི་ABC ་བརྙན་འཕྲིན་ལས་ཁང་གི་གནས་ཚུལ་རྒྱང་བསྒྲགས་བྱས་པའི་ནང་། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་རྣམས་ནས་ཉིན་དྲུག་རིང་Tulsa ནང་སྐོར་བསྐྱོད་གནང་རིང་། ཡུལ་མི་ཚོར་བོད་ལུགས་ནང་ཆོས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་འབྲི་བཞེངས་དང་། སྒོམ་དང་རྩ་རླུང་སྒོམ་སྦྱང་། འདོན་རྟ་དབྱངས་ལ་སོགས་པ་སྤྱན་འབུལ་ཞུ་བཞིན་པ་དང་ཆབས་ཅིག་གྲོང་ཁྱེར་གྱི་ཡུལ་མི་ཚོ་དང་རིག་གཞུང་སྤེལ་རེས་ཀྱི་ལམ་ནས་ཨ་རིའི་སྤྱི་ཚོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཡང་གནང་གི་ཡོད་པ་བརྗོད་འདུག
ཚེས་༢༥་ཉིན་ཐེངས་འདིའི་སྐོར་བསྐྱོད་ཀྱི་ཉིན་དང་པོར་དགེ་འདུན་པ་རྣམས་ནས་ (Unity)་ལྟེ་གནས་ཁང་གི་མཛད་སྒོའི་ཐོག་འཛམ་གླིང་ཞི་བདེར་དམིགས་པའི་སྨོན་ལམ་གསུངས་འདོན་གནང་ཞིང་། དེར་འདུས་པའི་ཨ་རི་བ་ཚོས་དོ་སྣང་ཆེན་པོ་གསན་ཞིབ་གནང་པ་དང་ཡང་མང་པོས་སྨོན་ལམ་གསུང་འདོན་སྐབས་སྒོམ་རྒྱབ་ཡོད་པ་བཀོད་འདུག
(Unity)་ཡི་ཤུའི་ཆོས་ཚོགས་ཀྱི་དབུ་བླ་(Rev. Dr. Rick Belous)་ཞུ་བས་  ཆོས་ལུགས་ག་འདྲ་ཞིག་དང་ལྟ་གྲུབ་ཀྱི་རང་བཞིན་ག་འདྲ་ཡིན་མིན་ལ་མ་ལྟོས་པར་ཚང་མར་གཅིག་མཚུངས་ཀྱི་དགའ་བསུའི་སྣེ་ལེན་ཞུ་རྒྱུ་དེ་ང་ཚོས་གལ་ཆེར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་། དགེ་འདུན་པ་རྣམ་ཞུགས་རྒྱུན་རིང་ལྟེ་གནས་ཁང་དུ། ཉིན་ལྟར་བོད་ལུགས་ནང་ཆོས་ཀྱི་རིག་གཞུང་སྒྱུ་རྩལ་ངོ་སྤྲོད་དང་། འགྲེམས་སྟོན། རྩ་རླུང་སྒོམ་སྦྱང་ལ་སོགས་པའི་ལས་རིམ་བཀོད་སྒྲིག་བྱས་ཡོད་པ་ABC་བརྙན་འཕྲིན་ལས་ཁང་ལ་གསུངས་འདུག
རེས་གཟའ་ལྷག་པའི་ཉིན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་རྣམས་ནས་གོང་གསལ་ཡི་ཤུའི་ལྟེ་གནས་ཁང་དུ་རྡུལ་མཚོན་གྱི་དཀྱིལ་འཁོར་བཞེངས་རྒྱུ་འགོ་འཛུགས་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་དྲིལ་བསྒྲགས་གནང་གལ་ཆེ་བ་ཡིན་ཞེས། སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་་ལ་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎