དབྱིན་ཇིའི་རྒྱལ་མོ་ཨི་ལེ་ཛེ་སྦེཏ་མཆོག་གློ་བུར་དགོངས་པ་རྫོགས་འདུག

2022.09.08
དབྱིན་ཇིའི་རྒྱལ་མོ་ཨི་ལེ་ཛེ་སྦེཏ་མཆོག་གློ་བུར་དགོངས་པ་རྫོགས་འདུག དབྱིན་ཇིའི་རྒྱལ་མོ་ཨི་ལེ་ཛེ་སྦེཏ་(Elizabeth)་སེང་གྷ་ཕུར་དུ་ཕེབས་སྐབས། ༡༠།༠༩།༡༩༨༩
AFP

དབྱིན་ཇིའི་རྒྱལ་མོ་ཨི་ལེ་ཛེ་སྦེཏ་(Elizabeth)་གཉིས་པ་མཆོག་ཕྱི་ཟླ་༩ཚེས་༨ཉིན་(Scotland)་གྱི་བཞུགས་གནས་ཕོ་བྲང་(Balmore)་རུ་དགོངས་པ་རྫོགས་པ་དབྱིན་ཇིའི་རྒྱལ་ཁང་(Buckingham)་གྱིས་གསལ་བསྒྲགས་སྤེལ་འདུག
རྒྱལ་མོ་ཨི་ལེ་ཛེ་སྦེཏ་མཆོག་གིས་དབྱིན་ཡུལ་གྱི་རྒྱལ་ཁྲི་ལོ་ངོ་བདུན་བཅུའི་རིང་བསྐྱངས་ཤིང་། དབྱིན་ཇིའི་རྒྱལ་རབས་ཀྱི་ནང་ཁྲི་འཛིན་ཡུན་རིང་ཤོས་གནང་མཁན་དེ་ཡིན་པར་མ་ཟད། འཛམ་གླིང་ནང་རྒྱལ་ཁྲི་དུས་ཡུན་རིང་ཤོས་བཟུང་མཁན་དེ་ཡང་ཡིན་པ་རེད།
རྒྱལ་མོ་ཨི་ལེ་ཛེ་སྦེཏ་མཆོག་ཕྱི་ལོ་༡༩༥༢ལོར་རྒྱལ་ཁྲིར་ཕེབས་ཤིང་། ཁོང་ནི་དེ་སྔ་དབྱིན་ཇིའི་དབང་བསྒྱུར་འོག་གི་རྒྱལ་ཁབ་བཅུ་བཞིའི་རྒྱལ་མོ་ཡང་ཡིན་པ་རེད། ཁོང་དགོངས་པ་རྫོགས་མ་ཐག་རྒྱལ་སྲས་(Charles)་དབྱིན་ཇིའི་རྒྱལ་པོར་གྱུར་ཞིང་། མཚན་ལ་(Charles)་གསུམ་པ་ཞེས་མཚན་སྲོལ་ཞུས་འདུག
རྒྱལ་མོ་ཨི་ལེ་ཛེ་སྦེཏ་མཆོག་གི་རྒྱལ་ཁྲི་བཟུང་བའི་དུས་ཡུན་རིང་། དབྱིན་ཇིའི་སྲིད་བློན་༡༥ འཕོ་འགྱུར་བྱུང་ཞིང་། ཉིན་ཤས་སྔོན་རྒྱལ་མོ་ཨི་ལེ་ཛེ་སྦེཏ་མཆོག་གིས་ལྕམ་(Truss)་ལགས་དབྱིན་ཇིའི་སྲིད་བློན་གསར་ཤོས་སུ་བསྐོ་བཞག་གནང་ཡོད་པ་རེད།
དབྱིན་ཇིའི་རྒྱལ་པོ་གསར་པ་(Charles)་གསུམ་པ་མཆོག་ནས་གསལ་བསྒྲགས་ཤིག་གནང་འདུག་པ་དེའི་ནང་། རྒྱལ་མོ་དགོངས་པ་རྫོགས་པ་འདི་ནི་ངོས་རང་དང་ངའི་ནང་མི་ཚོར་སེམས་སྡུག་ཆེ་ཤོས་ཀྱི་གནད་དོན་ཞིག་ཡིན་པ་གསུངས་འདུག
རྒྱལ་མོ་ཨི་ལེ་ཛེ་སྦེཏ་མཆོག་ཕྱི་ལོ་༡༩༢༦ཕྱི་ཟླ་༤ཚེས་༢༡ཉིན་ལོན་ཌོན་དུ་འཁྲུངས་ཤིང་། ཕྱི་ལོ་༡༩༥༢ལོར་ཁོང་གི་ཡབ་ཇོར་ཇི་དྲུག་པ་(King George VI)་དགོངས་པ་རྫོགས་རྗེས་དབྱིན་ཇིའི་རྒྱལ་མོར་གྱུར་ཞིང་། ཕྱི་ལོ་༡༩༥༣ལོར་དགུང་ལོ་༢༧ལ་ཕེབས་སྐབས་རྒྱལ་ཁྲིར་མངའ་གསོལ་ཞུས་ཡོད་པ་རེད།
༢༠༡༦ལོར་རྒྱལ་མོ་(Elizabeth)་གཉིས་པ་མཆོག་དགུངས་གྲངས་༩༠ཕེབས་པའི་འཁྲུངས་སྐར་སྐབས། བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ རྒྱལ་མོ་མཆོག་ལ་འཁྲུངས་སྐར་གྱི་འཚམས་འཕྲིན་བསྩལ་བའི་ནང་། ༧གོང་ས་མཆོག་གིས་ རྒྱལ་མོ་མཆོག་ལ། བོད་ནས་༧གོང་ས་མཆོག་སྐུ་ཉིད་སྐུ་ན་གཞོན་དུས་སྐབས་ནས་བསྔགས་བརྗོད་ཞུ་ཡི་ཡོད་པ་དང་། རྒྱལ་མོ་ཁོང་གི་སྐོར་བརྙན་འཕྲིན་ནང་དམག་འཁྲུག་གི་འཇིགས་པ་ལས་ཕུང་པའི་མི་དམངས་ལ་སེམས་གསོའི་ཆེད། རྒྱལ་ས་ལོན་ཌོན་དུ་གཟིགས་སྐོར་ཕེབས་པ་སོགས་གསན་གཟིགས་གནང་མྱོང་ཅེས་གསུངས་འདུག་པ་དང་། རྒྱལ་མོ་མཆོག་ནི་གཡོལ་བ་མེད་པའི་གསོན་ཤུགས་སྦྱིན་མཁན་དང་། སྟོབས་ཤུགས་དང་ཆོད་སེམས་ཀྱི་མིག་དཔེ་ཞིག་ཀྱང་ཡིན་པས་བདེ་སྐྱིད་ལྡན་པ་དང་སྐུ་ཚེ་ཡུན་རིང་བསྟན་པའི་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན་པ་སོགས་འཁོད་ཡོད་པ་རེད།

གསར་འགོད་པ། སྐལ་ལྡན་བློ་གྲོས། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བསྒྲུབ་བྱ་ ༥༡ ལ་དགེ་སློང་གི་སྡོམ་པ་སྩལ་བ་དང་སྦྲགས། རྗེས་འཇུག་སློབ་མ་རྣམས་ནས་སྡོམ་ཁྲིམས་ཚུལ་བཞིན་སྲུང་དགོས་པའི་བཀའ་ཕེབས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎