ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ།


2017.04.26
ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་མ་འོངས་ལས་དོན་སྤེལ་ཕྱོགས་སྐོར་ལ་གྲོས་བསྡུར་གནང་སྐབས། ༢༠༡༧།༤།༢༤ ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་མ་འོངས་ལས་དོན་སྤེལ་ཕྱོགས་སྐོར་ལ་གྲོས་བསྡུར་གནང་སྐབས། ༢༠༡༧།༤།༢༤
tibet.net

ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཟླ་རེའི་ཚོགས་འདུ་སྐོང་ཚོགས་ཀྱིས་མ་འོངས་ལས་དོན་སྤེལ་ཕྱོགས་སྐོར་ལ་གྲོས་བསྡུར་གནང་འདུག
དེ་ཡང་སྤྱི་ཚེས་༢༥་ཉིན། ཡོ་རོབ་གྲོས་ཚོིགས་ཀྱི་འཐུས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཟླ་རེའི་ཚོགས་འདུ་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་གཙོ་བོ་རིང་མིན་ཚོགས་ལ་ཉེ་བའི་ཡོ་རོབ་མཉམ་འབྲེལ་དང་། ཡོ་རོབ་གྲོས་ཚོགས་དང་འབྲེལ་བའི་ལས་དོན་ཁག་ཅིག་ལ་གོ་བསྡུར་གནང་ཡོད་པ་དང་། སྐབས་དེར་Brussels བོད་ཀྱི་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ལས་དོན་སྙན་སེང་ཞུས་སྐབས། ཁོང་གིས་ཐོག་མར་པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་དྲན་གསོ་དང་སྦྲགས། ཚང་མས་ཁོང་གི་བདེ་དོན་ཆེད་དུ་དྲན་གསོ་དང་སྨོན་ལམ་བརྒྱབ་དགོས་པའི་འབོད་སྐུལ་ཞུས་འདུག
ཡང་ཚོགས་འདུ་དེའི་ཐོག་གྲོས་ཚོགས་འཐུས་མི་ལས་རོགས་སོགས་ལས་གྲུབ་པའི་མི་གྲངས་༨་ཙམ་བཞུགས་སྒར་རྡ་རམ་ས་ལར་སྤྱི་ཟླ་༥་པའི་ཚེས་༢༡་ནས་༢༦་བར་འཚམས་གཟིགས་གནང་རྒྱུ་གསལ་བསྒྲགས་གནང་འདུག་ལ། དེ་བཞིན་སྤྱི་ཟླ་༥་པའི་ཚེས་༢ དང་༣ ཉིན་གྲངས་གཉིས་རིང་ Switzerland ནས་བོད་མི་ཁག་ཅིག་གིས་ཡོ་རོབ་མཉམ་འབྲེལ་དང་ཡོ་རོབ་གྲོས་ཚོགས་བཅས་ཀྱི་མདུན་དུ་བོད་དོན་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞེས་པ་སྤེལ་རྒྱུ་ཡིན་པའི་གནས་ཚུལ་ཡོངས་ཁྱབ་གནང་འདུག
དེ་མིན་ཡང་ཡོ་རོབ་གྲོས་ཚོགས་ཀྱི་ལོ་ཐོ་དང་སྔོན་མའི་སྲོལ་རྒྱུན་ལྟར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཀྱི་ལོ་རེའི་མཛད་སྒོ་དེ་ཕྱི་ཟླ་༦་པའི་ཚེས་༢༧་རེས་གཟའ་མིག་དམར་ཉིན་མོར་འཁེལ་ཡོད་པ་གཏན་འཁེལ་བ་དང་། གྲོས་ཚོགས་འཐུས་མི་(Csaba Sogor) ལགས་དང་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་རྣམ་གཉིས་ཀྱིས་ཉེ་ཆར་བོད་ཀྱི་སྐུ་ཚབ་དོན་གཅོད་ཕྱི་ཟླ་༤་པའི་ཚེས་༦་ནས་༩་བར་ཡོ་རོབ་རྒྱལ་ཁབ་Romania ཀྱི་Transylvania ས་ཁུལ་དུ་མཚམས་གཟིགས་ཕེབས་པའི་སྐོར་ལ་སྙན་སེང་མདོར་བསྡུས་ཞུས་འདུག
སྐབས་དེར་ཚོགས་པ་དེའི་འགན་འཛིན་དང་། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Thomas Mann)ལགས་ཀྱིས་ཚོགས་འདུའི་གཙོ་སྐྱོང་གནང་བ་དང་། ལྷན་ཚོགས་སྟེང་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Csaba Sogor)ལགས་དང་། (Scott-cato)ལགས། (Tunne Kelam)ལགས། དེ་བཞིན་(Brussels) བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ལས་བྱེད་དང་གཞན་ལས་རོགས་སོགས་ཀྱི་གཙོས་པའི་མི་གྲངས་༢༥་ཙམ་མཉམ་ཞུགས་གནང་ཡོད་འདུག།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎