ནག་ཆུར་བོད་མི་ལྔ་ཆུ་ལ་མཆོངས་པ་དང་གཉིས་བཟུང་འདུག

བོད་ནག་ཆུར་རང་ལུས་མེར་བསྲེཊ་རྩིས་བྱེད་མཁན་བོད་མི་ལྔ་ཆུ་ལ་མཆོངས་བ་དང་། གཉིས་ཉེན་རྟོག་པས་འཛིན་བཟུང་བྱས་མིན་ལ་མ་བལྟོས་བར་བོད་དོན་དང་འབྲེལ་བའི་ཡིག་ཆ་མང་པོ་འགྲེམས་སྦྱར་བྱས་འདུག

2012.12.11

བོད་ནག་ཆུར་བོད་མི་ལྔ་ཆུ་ལ་མཆོངས་འདུག

དེ་ཡང་ཚེས་༡༡ཉིན་བོད་ནག་ཆུ་ནས་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་བྱས་བ་ལྟར་ན། འདི་ཟླའི་ཚེས་༩རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའི་གོང་དུ་། ནག་ཆུ་འབྲི་རུ་རྫོང་དུ་ཡོད་པའི་བན་དཀར་གྲོང་སྡེ་ནས་བོད་མི་༧་གྱིས་རྒྱ་ནག་གིས་བོད་ཐོག་འཛིན་བཞིན་པའི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་ཆེད་། རང་ལུས་མེར་བསྲེགས་གཏོང་རྩིས་བྱེད་སྐབས་གནས་ཚུལ་དེ་ས་གནས་རྒྱ་ནག་གི་ཉེན་རྟོག་པས་ཤེས་རྟོག་བྱུང་ནས། བོད་མི་དེ་དག་གི་རྗེས་འདེད་བྱེད་ཞོར་མི་གཉིས་འཛིན་བཟུང་བྱས་ཡོད་པ་དང་།  དེ་མ་ཐག་གཞན་བོད་མི་ལྔ་དེ་ཁུལ་གྱི་ཆུ་ལ་མཆོངས་ནས་རང་ཤི་རྒྱབ་ཡོད་པ་དང་། གནས་སྐབས་མིང་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་ངོ་སྤྲོད་བྱས་བྱུང་ལ་འདི་ག་རླུང་འཕྲིན་ཁང་ནས་མུ་མཐུད་གནས་ཚུལ་རྩད་གཅོད་བྱེད་བཞིན་པ་ཡིན།

དེ་བཞིན་ཁོས་མུ་མཐུད་བརྗོད་དོན། ཚེས་༡༠་སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ནག་ཆུ་འབྲི་རུ་རྫོང་ཤག་བཅུ་གྲོང་བརྡལ་གྱི་ས་གནས་རྒྱ་ནག་འབྲེལ་ཡོད་ལས་ཁུངས་སྒོ་འགྲམ་དང་། རྩ་ཐང་གི་རྡོ་རིང་སོགས་ལ་བོད་མི་མང་པོ་ཞིག་མཉམ་རུབ་ཐོག་བྲིས་པའི་བོད་དོན་དང་འབྲེལ་པའི་ཡིག་ཆ་མང་དག་ཞིག་སྤྱར་ཡོད་པ་དང་། སྦྱར་ཡིག་དེ་དག་གི་ནང་ང་ཚོར་རང་དབང་མི་འདུག། རང་དབང་ཐོབ་པའི་ཕྱིར་དང་། ཆོལ་གསུམ་བོད་མིའི་རེ་འདོད་འགྲུབ་པའི་ཕྱིར། འཛམ་གླིང་མི་རིགས་ཀྱི་བདེན་མཐའ་གསལ་བའི་ཕྱིར། ༧གོང་ས་མཆོག་བོད་ལ་ཕྱིར་ཕེབས་ཐུབ་ཕྱིར་། པཎ་ཆེན་རིན་པོ་ཆེ་བཙོན་ནས་གློད་དཀྲོལ་ཐོབ་པའི་ཕྱིར། རྒྱལ་གཅེས་དཔའ་བོ་དཔའ་མོའི་བཀའ་དྲིན་དྲན་ཕྱིར་ཆོལ་གསུམ་བོད་མི་ཡོངས་ནས་ལྡོག་རྩ་གཅིག་སྒྲིལ་བྱོས་དང་། ཤི་གསོན་གང་ལ་ཐུག་ཀྱང་རྩོད་ལེན་བྱེད་ངེས་ཡིན། ཚེས༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་ཞེས་འཁོད་ཡོད་པ་རེད་འདུག

དེ་བཞིན་ཁོང་གིས་བརྗོད་དོན། སྤྱིར་རྒྱ་ནག་གཞུང་གིས་བོད་ཁམས་སྤྱི་དང་། ནག་ཆུ་འབྲི་རུ་རྫོང་ཁུལ་དུ་དམ་དྲག་ཤུགས་ཆེན་བྱས་ནས་བོད་མི་མང་པོ་འཛིན་བཟུང་དང་། གཅར་རྡུང་ཉེས་ཆད་འདྲ་མིན་ཕོག་བཞིན་པ་དཔེར་ན་དེ་སྔ་རང་ལུས་མེར་བསྲེག་བཏང་མཁན་བོད་མི་དགུ་འགྲུབ་ལགས་ཀྱི་གྲོང་ཚོ་ནས་བོད་མི་༣༦་ཙམ་འཛིན་བཟུང་བྱས་ཡོད་པ་དང་། དེང་སང་བོད་ནང་གི་ས་གནས་བོད་མི་ཚོ་རྒྱ་ནག་གི་དམ་དྲག་གཏིང་འཛིན་འོག་ན་དབུགས་གཏོང་ལེན་བྱེད་དཀའ་བའི་གནས་སུ་ལུས་ཡོད་པ་བརྗོད་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་གྱི་གཏམ་བརྗོད་དང་གློག་བརྙན་འཁྲབ་སྟོན་པ་ཁག་ཅིག་ལ་མཇལ་ཁ་བསྩལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་སུད་སིར་ཉིན་གཉིས་རིང་འཚོགས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎