རེབ་གོང་མདོ་བ་ནས་བོད་མི་མང་པོ་འཛིན་བཟུང་བྱེད་ཀྱི་འདུག


2016.12.22
རེབ་གོང་ཕྱོགས་ཀྱི་ས་ཁྲ། རེབ་གོང་ཕྱོགས་ཀྱི་ས་ཁྲ།
Photo: RFA

རེབ་གོང་མདོ་བ་འབྲོག་ཕྱོགས་ནས་བོད་མི་མང་པོ་འཛིན་བཟུང་དང་གཅར་རྡུང་བྱས་རྐྱེན་བོད་མི་རྣམས་འཇིགས་སྣང་ངང་གནས་ཡོད་འདུག
མདོ་སྨད་རེབ་གོང་མདོ་བ་ཡུལ་ཚོ་ནས་ཉེན་རྟོག་པས་རྒྱུ་རྐྱེན་འདྲ་མིན་ལ་ཁ་གཡར་ནས་བོད་མི་མང་པོ་འཛིན་བཟུང་བྱས་ཏེ་གཅར་རྡུང་གཏོང་བ་སོཊ་དྲག་པོའི་བྱེད་ལས་སྤེལ་བའི་འོག་བོད་མི་རྣམས་འཇིགས་སྣང་ངང་གནས་ཡོད་ཅེས་བོད་ནས་བོད་མི་ཞིག་གིས་འགྲེལ་བརྗོད་བྱས་བྱུང་།
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། རེབ་གོང་མདོ་བ་འབྲོག་ཏུ་ས་གནས་གཞུང་གི་ལས་དོན་སྒྲུབ་ཕྱོཊ་ཞུ་གཏུག་དང་འབྲེལ་ཡོད་གནས་ཚུལ་དྲ་བའི་བརྒྱུད་ལམ་དུ་བསྐུར་ཡོད་ལུགས་ཀྱིས་བན་ཁོ་འདུས་བའི་སློབ་མ་བཞི་ད་ལྟ་འཛིན་བཟུང་བཀག་ཉར་འོག་ཡོད་པ་དང་། ད་སྔ་ཁོ་ཚོའི་གནས་སྟངས་གང་ཡང་ཤེས་རྟོགས་མེད་པར་ལུས་ཡོད་ཟེར།
མུ་མཐུད་འགྲེལ་བརྗོད་བྱས་དོན་ལྟར་ན། ད་ལོ་དབྱར་ཁ་མདོ་བ་ཞང་གིས་ས་གནས་དེའི་ཏ་ནུ་དགུ་ཆུའི་རྒྱུད་དུ་གད་སྙིགས་གཙང་བཟོ་བྱེད་མཁན་ཚོར་གླ་ཆ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། ད་བར་མ་སྤྲད་པར་ལུས་ཡོད་པ་དང་། ཉིན་ཤས་སྔོན་བོད་མི་དེ་དག་གིས་ད་ལྟ་ལོ་སར་ལ་གྲ་སྒྲིག་གི་ཆེད་དུ་སྒོར་མོ་དེ་སྤྲོད་དགོས་པའི་དགོས་འདུན་བཏོན་པར། གཞུང་ཕྱོཊ་ནས་དེར་ངོས་ལེན་བྱས་མེད་པ་དང་། བན་ཁོ་སོཊ་སློབ་མ་འགས་གནས་ཚུལ་དེ་ཡིག་ཐོག་ཏུ་བཀོད་དེ་དྲ་བའི་བརྒྱུད་ལམ་དུ་བསྐུར་ཡོད་ལུགས་ཀྱིས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
གནས་ཚུལ་ལྟར་ན། སློབ་མ་བན་ཁོ་ད་ལྟ་འཛིན་བཟུང་བྱས་པ་འདི་ནི་ཐེངས་གསུམ་པ་དེ་ཡིན་འདུག ཐེངས་དང་པོ་དེ་ཁོས་སྔོན་མ་ས་གནས་ཚོང་ཁང་སོཊ་ཀྱི་སྒོར་རྒྱ་ཡིག་བྲིས་ཡོད་པ་རྣམས་བོད་ཡིག་ཏུ་འབྲི་དགོས་པའི་འབོད་སྐུལ་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་པ་དང་། ཐེངས་གཉིས་པ་དེ། ད་ལོ་དབྱར་ཁ་ཟླ་བ་དྲུག་པའི་ནང་མདོ་བ་ས་གནས་ཀྱི་ཏ་ནུ་དགུ་ཆུའི་འགྲམ་རྒྱུད་དུ་གཙང་བཟོའི་ལས་དོན་གྱི་འགན་ཁུར་མཁན་གྱིས་གོང་རིམ་ནས་སྒོར་མོ་བླངས་ཡང་དོན་དངོས་སུ་ལས་དོན་སྒྲུབ་མེད་པའི་སྐོར་ཞུ་གཏུག་བྱས་པའི་དབང་གིས་ཡང་བསྐྱར་འཛིན་བཟུང་བྱས་ཡོད་འདུག
ཡང་བོད་མི་གཞན་ཞིག་གིས་གནས་ཚུལ་བརྗོད་དོན་ལྟར་ན། རེབ་གོང་མདོ་བ་ཡུལ་ཚོར་ཉེ་ཆར་ཕྱི་ཟླ་༡༢་པའི་ཚེས་༡༣་ནས་བཟུང་ཉེན་རྟོག་པས་མཚན་མོར་ཇ་ཁང་སོཊ་སུ་གང་བྱུང་བོད་མི་རྣམས་འཛིན་བཟུང་གིས་གཅར་རྡུང་ཚ་འདྲི་བྱེད་པ་དང་། ཁ་པར་ནང་སྔོག་ཏེ་གཞུང་གི་ལྟ་བ་དང་མི་མཐུན་པའི་གནས་ཚུལ་རིཊ་ཡོད་ཚེ་བཀག་ཉར་བྱེད་ཀྱིན་ཡོད་པ་དང་། གནས་ཚུལ་དེ་རིཊ་མེད་མཁན་དག་ཞག་མ་གཅིག་ལ་གཅར་རྡུང་བཀག་ཉར་བྱས་རྗེས་གློད་གྲོལ་གཏོང་གི་ཡོད་འདུག་ལ། ད་བར་ཕལ་ཆེར་བོད་མི་བརྒྱ་ཙམ་འཛིན་བཟུང་བྱས་ཡོད་པ་མ་ཟད། མཚན་མོ་ཆུ་ཚོད་༡༠་བའི་རྗེས་མི་སུ་རུང་སྲང་ལམ་དུ་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག  
གཞན་ཡང་ས་གནས་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་སྐོར་ཞིག་ཤོ་རྒྱག་མཁན་ཡིན་ཚུལ་བཤད་ཀྱིན་ཡོད་མོད། འོན་ཀྱང་དོན་དངོས་ཐོག་ཤོ་རྒྱག་མཁན་མི་སྣ་གཙོ་བོ་དག་འཛིན་བཟུང་བྱས་མེད་པ་རེད་འདུག།

གསར་འགོད་པ་རྡོ་རྗེ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎