འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་དབུས་དང་ཤར་ཡོ་རོབ་ནང་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ།


2020.10.03
འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་དབུས་དང་ཤར་ཡོ་རོབ་ནང་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ། འཇར་མ་ཎིའི་གྲོང་ཁྱེར་མུ་ནིཀ་ནང་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས།
བོད་རང་བཙན་སློབ་ཕྲུག་ཚོགས་པ།

དབུས་དང་ཤར་ཡོ་རོབ་ཀྱི་གྲོང་ཁྱེར་དྲུག་ནང་རྟེན་གཞི་བྱས་པའི་བོད་མི་ཚོས་རྒྱ་ནག་དམར་པོའི་གཞུང་གི་གདུག་རྩུབ་དྲག་གནོན་ལ་མཐའ་གཅིག་ཏུ་གདོང་ལེན་བྱེད་དགོས་པའི་ལས་འགུལ་སྤེལ་ཡོད་ཅིང་། ཕྱི་ཟླ་༡༠ཚེས་༡ཉིན་འཛམ་གླིང་ཁྱོན་ཡོངས་སུ་ཉིན་བརྒྱ་དུས་གཅིག་གི་ངོ་རྒོལ་གྱི་ལས་འགུལ་དེར་བོད་མི་དང་ཡུ་གུར་བ། ལྷོ་སོག་པོ། ཧོང་ཀོང་བ་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ་བཅས་ནས་མཉམ་ཞུགས་བྱས་ཡོད་པ་རེད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་༧༡འཁོར་བ་དང་སྟབས་བསྟུན་གྱིས་གོ་སྒྲིག་ཞུས་པའི་ལས་འགུལ་དེ་བཞིན་ཨི་ཊ་ལིའི་རྒྱལ་ས་རྭོམ་དང་གྲོང་ཁྱེར་མི་ལཱན་(Milan)དང་ཨོ་སེ་ཊི་རི་ཡའི་རྒྱལ་ས་ཝི་ན་(Vienna)སུད་སི་རྒྱལ་ས་ཛི་རིཁ་(Zurich)དང་འཇར་མ་ཎིའི་གྲོང་ཁྱེར་བྭར་ལིན་(Berlin) དང་། མུ་ནིཀ(Munich) བཅས་ནང་སྤེལ་ཡོད་འདུག སུད་སི་ནང་གི་ལས་འགུལ་དེ་སུད་སི་དང་ལིཀ་ཊན་སེ་ཊིན(Lichtenstein) བོད་རིགས་མཐུན་ཚོགས། སུད་བོད་མཛའ་འབྲེལ་ཚོཌ་པ་དང་བོད་ཀྱི་བེུད་ལྷན་ཚོཌ་དང་བོད་ཀྱི་གཞོན་ནུ་ལྷན་ཚོཌ་བཅས་ཀྱིས་གོ་སྒྲིག་ཞུས་པ་དེར་མི་ཉིས་བརྒྱ་ཙམ་མཉམ་ཞུགས་ཀྱིས་ས་གནས་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་གནང་ཡོད་པ་དང་། སྐབས་དེར་སུད་བོད་མཛའ་འབྲེལ་ཚོཌ་པའི་འགན་འཛིན་ལྷན་ཚོཌ་ཀྱི་ཏོ་ནི་་རའེཕ་(Tony Ryf) དང་ཡོ་རོབ་བོད་མི་མང་སྤྱི་མཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་གཉིས་ཀྱིས་གཏམ་བཤད་གནང་འདུག བྭར་ལིན་ནང་བོད་མི་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོཌ་ཚོཌ་པ་བཅུ་གཅིག་གིས་གོ་སྒྲིག་ཞུས་པའི་ལས་འགུལ་དེ་མི་ཉིས་བརྒྱ་ཙམ་མཉམ་ཞུགས་ཀྱིས་ས་གནས་རྒྱ་ནག་གཞུང་ཚབ་གྱི་མདུན་དུ་འདུ་འཛོམས་སྐབས་འཇར་མན་གྲོས་ཚོཌ་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ངལ་སེལ་རོགས་སྐྱོར་ཚོཌ་པའི་ཚོགས་གཙོ་ལྕམ་་གྷའི་ཌི་ཧནྶན་(Gyde Hensen)གཙོས་པའི་སྐུ་ཚབ་གསུམ་མཉམ་ཞུགས་གནང་འདུག ཨི་ཊ་ལིའི་གྲོང་ཁྱེར་མི་ལཱན་ནང་ངོ་རྒོལ་བ་༥༠ཙམ་འདུ་འཛོམས་ཀྱི་ངོ་རྒོལ་གྱི་ལས་འགུལ་དང་རོམ་ནང་གྲོས་ཚོཌ་ཀྱི་འཐུས་མི་ཁག་ཅིག་ལས་གྲུབ་པའི་བགྲོ་གླེང་ཚོཌ་འདུ་ཞིག་སྐོང་ཚོགས་གནང་ཡོད་འདུག ཨོ་སེ་ཊི་རི་ཡའི་རྒྱལ་ས་་ཝི་ཡ་ན་རུ་ངོ་རྒོལ་བ་༥༠ཙམ་གྱིས་རྒྱ་ནག་གཞུང་ཚབ་དང་རྒྱལ་ཚོཌ་ཀྱི་ལས་ཁུངས་བརྒྱུད་ཡོ་རོབ་རྒྱལ་སྤྱིའི་ལས་ཁུངས་བཅས་སུ་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་འདུག་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལཌ་ལས་འགུལ་ཐོག་ངོ་བཅར་གནང་ཐུབ་མེད་ཀྱང་བོད་མི་གཙོས་པའི་ལས་འགུལ་ནང་མཉམ་ཞུགས་གནང་བར་བསྔགས་བརྗོད་ཞུས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎