༧གོང་ས་མཆོག་གིས་ཝི་ཏི་ནམ་གྱི་དད་ལྡན་པ་ཤེས་ཡོན་ཅན་དང་ཚོང་པ་སོགས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་བ།

2022.05.30
Share on WhatsApp
Share on WhatsApp
༧གོང་ས་མཆོག་གིས་ཝི་ཏི་ནམ་གྱི་དད་ལྡན་པ་ཤེས་ཡོན་ཅན་དང་ཚོང་པ་སོགས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་བ།
དགའ་ལྡན་ཕོ་བྲང་།

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ནས་བཞུགས་སྒར་ཕོ་བྲང་དུ།སྤྱི་ཟླ་༥པའི་ཚེས་༣༠ཉིན།ཝི་ཏི་ནམ་རྒྱལ་ཁབ་ཀྱི་ཤེས་ཡོན་ཅན་དང་ཚོང་པ།སྒྱུ་རྩལ་པ་སོགས་མི་གྲངས་༡༦༨ལ་མཇལ་ཁ་གནང་བ་དང་སྦྲགས།མིའི་སྤྱི་ཚོགས་སུ་བདེ་སྐྱིད་བསྐྲུན་ཐབས་དང་བྱམས་བརྩེའི་བསླབ་བྱ་སྤེལ་ཐབས།དམག་འཁྲུག་མཚམས་འཇོག་བཅས་ཀྱི་སྐོར་བཀའ་སློབ་ལམ་སྟོན་ཕེབས་འདུག་པར།ཝི་ཏི་ནམ་གྱི་སྒྱུ་རྩལ་པ་Dang thi thu huongལགས་ནས ལོ་གཉིས་རིང་གི་ནད་ཡམས་ཀྱི་རྗེས་སུ་༧གོང་ས་མཆོག་ལ་ཡང་བསྐྱར་མཇལ་བ་དང་ཆབས་ཅིག།ཁོང་སྐུ་གཟུགས་འཕྲོད་བཞེས་ཡག་པོ་ཡོད་པ་མཇལ་བར་ཧ་ཅང་དགའ་བོ་བྱུང་བ་སོགས་འགྲེལ་བརྗོད་གནང་གི་འདུག
༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་ཡང་ཡང་མཇལ་བའི་སྨོན་ལམ་འདེབས་བཞིན་པ་དང་།༧གོང་ས་མཆོག་གིས་འགྲོ་བ་མི་ཡོངས་རྫོགས་ལ་བདེ་སྐྱིད་བསྐྲུན་ཐབས་དང་རང་དབང་ཡོང་ཐབས་སོགས་ཀྱི་བཀའ་སློབ་སྩལ་པར།ང་ཚོ་ཧ་ཅང་སྐྱིད་པོ་དང་སེམས་ཚོར་འགུལ་ཐེབས་པ་འགྲེལ་བརྗོད་གནང་གི་འདུག་ཅིང་།གཞན་ཡང་ཡོ་རོབ་སཝི་ཌེན་རྒྱལ་ཁབ་ཀྱི་ཝི་ཏི་ནམ་མི་རིགས་Nguyen

Thi bich thuyལགས་ནས།༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང་ཆབས་ཅིག་བཀའ་སློབ་ཀྱང་ཕེབས་པ་དེས།མོ་རང་ལ་སེམས་འགུལ་ཚད་མེད་ཐེབས་པ་འགྲེལ་བརྗོད་གནང་གི་འདུག
མཇལ་ཁ་འདི་ནི་ཧ་ཅང་དམིགས་བསལ་ཅིག་བྱུང་བའི་ཐོག།ཁོང་གིས་བྱམས་པ་དང་བརྩེ་བ།གཞན་ཕན་གྱི་སྐོར་ལ་བཀའ་སློབ་ཕེབས་པ་དེས་སེམས་ནང་འགུལ་དཀྱོག་ཚད་མེད་ཐེབས་པ་མ་ཟད།མོ་རང་གིས་ད་རུང་བོད་མི་སྐྱབས་བཅོལ་བ་ཚོ་རྒྱ་གར་དུ་འཚོ་བཞིན་པར་ངོ་མཚར་ཆེན་བྱུང་བར་བརྟེན།དེའི་སྐོར་ལ་གློག་བརྙན་ཞིག་བཟོས་ཏེ་ཡོ་རོབ་ནང་གོ་རྟོགས་སྤེལ་འཆར་ཡོད་པའང་འགྲེལ་བརྗོད་གནང་གི་འདུག་ཅིང་།ཡང་ཝི་ཏི་ནམ་གྱི་ཚོང་པ་Pham tuan sonལགས་ནས།༧གོང་ས་མཆོག་གི་བཀའ་སློབ་ཀྱིས་སོ་སོ་ལ་གོ་རྟོགས་གསར་པ་མང་པོ་ཞིང་རྙེད་པ་འགྲེལ་བརྗོད་གནང་གི་འདུག
༧གོང་ས་མཆོག་ནས་ང་ཚོས་གནས་ཚུལ་མང་པོ་ཞིག་ངེས་ཤེས་བརྙེད་པ་ཁག་ཅིག་ནི།དཀའ་ངལ་གཉན་འཕྲང་གི་དུས་སུ་ང་ཚོས་ཕན་ཚུན་རོགས་རམ་དང་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་དགོས་པ་དང་།དམག་འཁྲུག་མཚམས་འཇོག་གིས་མཉམ་ལས་བྱེད་དགོས་པ།ལྷག་པར་རྒྱ་གར་དང་རྒྱ་ནག་ཝེ་ཏི་ནམ་སོགས་ཡོ་རོབ་མཉམ་འབྲེལ་དང་འདྲ་བར།ཨེ་ཤེ་ཡའི་མཉམ་འབྲེལ་ཅིག་བཙུགས་ཏེ་ཕན་ཚུན་འཁྲུག་རྩོད་མཚམས་འཇོག་བྱས་ན།འཛམ་གླིང་ཞི་བདེ་ཡོང་རྒྱུར་ཕན་ཁྱད་ཡོད་པ་གསུང་གི་འདུག་པས།ང་རང་གིས་དེ་ལ་མཐའ་གཅིག་ཏུ་ངོས་ལེན་རྒྱབ་སྐྱོར་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་།ཤར་ཕྱོགས་ཝི་ཏི་ནམ་རྒྱལ་ཁབ་ནི་རྒྱ་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྗེས་འཇུག་རྒྱལ་ཁབ་ཞིག་ཡིན་ནའང་།དམར་ཕྱོགས་ཀྱི་དབང་བསྒྱུར་ལ་བརྟེན་ནས་ནང་ཆོས་ལ་ཉམས་ཆག་ཆེན་པོ་ཤོར་ཡོད་པ།བར་སྐབས་ནས་ཉམས་གསོ་དང་ད་ལྟ་ནང་བའི་ཆོས་ལ་དད་པ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎