༸གོང་ས་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་དང་མཇལ་མོལ།

2019-11-18
གློག་འཕྲིན།
མཆན།
Share
པར་བཀོད།
༸གོང་ས་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་དང་མཇལ་མོལ།
༸གོང་ས་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་དང་མཇལ་མོལ།
དགའ་ལྡན་ཕོ་བྲང་།

རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Bandaru Dattatreya མཆོག་གིས་འདི་ཚེས་༡༨ ཉིན་བཞུགས་སྒར་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་ཡོད་ཅིང་།  སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བསྕལ་དོན་ལ། ཉེ་ལམ་རྒྱ་གར་སྲིད་བློན་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་གར་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་ཡུལ་ཡིན་པ་གསུངས་ཡོད་ཅིང་། དེང་འཛམ་གླིང་ནང་གི་ཚན་རིག་པ་དང་། མཁས་དབང་། བསམ་ཡོད་མི་སྣ་མང་པོས་ནང་པའི་གཞུང་ནས་གསུང་པའི་ལྟ་གྲུབ་དང་། སེམས་ཁམས་རིག་པའི་སྐོར་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་རེད་ཅེས་བཀའ་ཕེབས་འདུག

མཇལ་མོལ་གནང་གྲུབ་པའི་རྗེས་སུ་མངའ་སྡེའི་སྲིད་སྐྱོང་མཆོག་གིས་མཇལ་མོལ་དང་འབྲེལ་བའི་སྐོར་གསུངས་དོན་ལ།      ངོས་རང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་གྱི་བཞུགས་སྒར་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་འདིར་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་ཡིན་པའི་ཆ་ནས་ཐེངས་དང་པོ་མཇལ་ཁ་དང་བྱིན་རླབས་ཞུ་བར་བཅར་བ་ཡིན། གནད་དོན་གཞན་ཞིག་ནི་༸གོང་ས་མཆོག་གིས་སྐུ་ཁམས་གང་འདྲ་ཡོད་མེད་དང་། རྒྱ་གར་དབུས་དང་ས་གནས་གཞུང་ནས་གནང་སྒོ་འཕར་མ་ཇི་ཡོད་སྐོར་སྙན་གསེང་ཞུ་བར་བཅར་བ་ཡིན་ཅེས་གསུངས་གནང་སོང་། ཁོང་གིས་མུ་མཐུད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཁམས་གསལ་ཐང་ཡིན་པ་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་ཡོད་པ་རེད།

ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཏུ་འཚམས་གཟིགས་ཕེབས་ཡོད་པ་དང་།  སྐབས་དེར་བཀའ་ཤག་ནས་བཙན་བོད་མིའི་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད་ཅིང།  དེ་ནས་བོད་མང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་སྟེ་ཚོགས་གཞོན་མཆོག་གིས་དབུས་རྒྱུན་ལས་རྣམ་པ་ལྷན་རྒྱས་དང་མཇལ་འཕྲད་ཀྱིས་ཚོགས་གཞོན་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་།  སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་གནང་ཡོད་འདུག

ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་Bandaru Dattatreya མཆོག་ནི་རྒྱ་གར་ལྷོ་ཕྱོགས་ཏ་ལང་སྒ་ན་(Telangana)ནས་མངའ་སྡེ་ཡིན་ཞིང། ཁོང་གིས་༡༩༩༨་ལོར་སྲིད་བློན་ཨ་ཏལ་བི་ཡ་རི་ཝཅ་པཡི་(Atal Bihari Vajpayee) མཆོག་གིས་གཞུང་འཛིན་སྐབས་གྲོང་སྡེ་ཡར་རྒྱས་བློན་ཆེན་གཞོན་པ་གནང་ཡོད་པ་དང་། ༢༠༡༣ལོར་ཁོང་གིས་བི་ཇེ་པི་(BJP)ཆབ་སྲིད་ཚོགས་པའི་ཚོགས་གཞོན་གྱི་ལས་འགན་བཞེས་གནང་ཡོད་པ་དང་། ཁོང་གིས་༢༠༡༩ ཟླ་༩ ཚེས་༡ནས་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་གི་འགན་ཁུར་བཞེས་གནང་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།