“ལས་ཀ་མུ་མཐུད་བྱ་རྒྱུར་རེ་བ་དང་སེམས་ཤུགས་བསྩལ་སོང་”ཞེས་གསུངས་པ།

2019-12-06
གློག་འཕྲིན།
མཆན།
Share
པར་བཀོད།
དཀྱིལ་ཤར་ཡུལ་ཁག་ནང་ཞི་བདེ་ཡོང་ཐབས་སུ་ཕྱག་ལས་གནང་མཁན་གྱི་ཚོགས་ཁག་ནས་༸གོང་ས་མཆོག་དང་མཇལ་མོལ་གནང་སྐབས།
དཀྱིལ་ཤར་ཡུལ་ཁག་ནང་ཞི་བདེ་ཡོང་ཐབས་སུ་ཕྱག་ལས་གནང་མཁན་གྱི་ཚོགས་ཁག་ནས་༸གོང་ས་མཆོག་དང་མཇལ་མོལ་གནང་སྐབས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བསྟན་འཛིན་འོད་ཟེར།

དཀྱིལ་ཤར་ཡུལ་གྲུ་ཨི་ཛི་རལ་དང་པ་ལི་སི་ཐན་གྱི་རྙོག་ཟིང་སེལ་ཐབས་དང་། ཞི་བདེ་ཡོང་ཐབས་ཆེད་ལས་དོན་གནང་མཁན་གྱི་ཚོགས་ཁག་ཅིག སྤྱི་ཟླ་༡༢ཚེས་༦ཉིན་བཞུགས་སྒར་ཕོ་བྲང་དུ་༧གོང་ས་ཆེན་པོར་མཇལ་འཕྲད་གནང་སྐབས། ༧གོང་ས་མཆོག་གིས་ད་ཆ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ནི།  རྒྱ་རིགས་གང་མང་གིས་ནང་ཆོས་ལ་དོ་སྣང་དང་ལྷག་པར་བོད་ཀྱི་ནང་ཆོས་ལ་དོ་སྣང་ཡོང་གི་འདུག་ཅེས་བཀའ་གནང་གི་འདུག            ད་དུང་༧གོང་ས་མཆོག་གིས་དེང་སང་རྒྱ་ནག་ཏུ་ནང་པའི་གྲངས་འབོར་ནི་ས་ཡ་བཞི་བརྒྱ་ཙམ་ཡོད་པ་མ་ཟད།  རྒྱ་རིགས་ནང་པ་མང་པོ་ཞིག་གིས་བོད་ཀྱི་ནང་ཆོས་ནི་ཁུངས་དག་པོ་དང་ཚན་རིག་དང་མཐུན་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པའང་བཀའ་སྩལ་ཡོད་པ་རེད།

ལས་འགུལ་བའི་ཚོགས་ཁག་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་།  དྲུང་ཆེ་དང་འགན་འཛིན་རྣམ་པ་མཇལ་འཕྲད་གནང་ཡོད་པ་དང་།  བོད་ཕྲུག་ཁྱིམ་སྡེ་བཅས་སུ་གཟིགས་སྐོར་མཇལ་མོལ་གནང་འདུག  སྲིད་སྐྱོང་མཆོག་གིས་ཨི་ཛི་རལ་དང་པ་ལི་སི་ཐན་གྱི་དཀའ་རྙོག་དེ་ཞི་བའི་སྒོ་ནས་སེལ་ཐབས་སུ་ས་གནས་ས་ཐོག་ཏུ་སྐུ་ལས་སྐྱོན་མཁན་འགོ་ཁྲིད་ཚོ་༧གོང་ས་མཆོག་ལ་ལམ་སྟོན་ཞུ་རུ་ཕེབས་སྐོར་འགྲེལ་བརྗོད་གནང་གི་འདུག

ཡང་མི་མང་དཀྱུས་མའི་ཚོགས་སྡེ་ཁག་བརྒྱ་ལྷག་ལ་འབྲེལ་མཐུད་ཡོད་པ་དཀྱིལ་ཤར་ཡུལ་གྱི་ཞི་བདེ་མཉམ་འབྲེལ་ཚོགས་པའི་ས་གནས་ཚོགས་གཙོ།Huda Abuarquobལགས་ནས།༧གོང་ས་མཆོག་གི་རྒྱབ་སྐྱོར་གྱིས་ཁོང་ཚོའི་ལས་འགུལ་དེ་མུ་མཐུད་བྱ་རྒྱུར་སེམས་ཤུགས་ཆེན་པོ་འཕེལ་བ་འགྲེལ་བརྗོད་གནང་འདུག            ཁོང་གིས་ང་ཚོ་ནི་ཧ་ཅང་རྙོག་ཟིང་ཆེ་བའི་ཁོར་ཡུག་ཅིག་ཏུ་གནས་ཡོད་པས།   ཨི་ཛི་རལ་དང་པ་ལི་སི་ཏན་གཉིས་ཀ་གཅིག་པ་དང་ཞི་བདེ་ཡོང་ཐབས་བཤད་རྒྱུ་དེ་ལས་སླ་པོ་ཞིག་མིན་ནའང།༧གོང་ས་མཆོག་གིས་བཞེངས་ཕྱོགས་བརྟན་པོའི་ཐོག་ནས།   ང་ཚོར་རྒྱབ་སྐྱོར་གནང་བ་དེས་ཆོད་སེམས་དང་ལས་ཀ་མུ་མཐུད་བྱ་རྒྱུར་རེ་བ་དང་སེམས་ཤུགས་སྩལ་བ་ངོ་སྤྲོད་གནང་གི་འདུག་ཅིང་།

ཡང་སྐོར་སྐྱོད་འདིའི་སྣེ་ཁྲིད་པ་ Guy Lieberman ལགས་ཀྱིས།༧གོང་ས་མཆོག་ལ་མཇལ་འཕྲད་གནང་བ་བརྒྱུད།  ཁོང་ཚོས་ཞི་བདེ་ལྡན་པའི་དཀྱིལ་ཤར་ཡུལ་གྲུ་གསར་པ་ཞིག་འབྱུང་བར།  གོ་སྐབས་དང་རེ་བ་ཆེན་པོར་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

དཀྱིལ་ཤར་ཡུལ་ཁག་ནང་ཞི་བདེ་ཡོང་ཐབས་སུ་ཕྱག་ལས་གནང་མཁན་གྱི་ཚོགས་ཁག་འདིའི་ནང་། འཁྲབ་སྟོན་པ་དང་སྤྱི་ཚོགས་རིག་པ་བ། སེམས་ཁམས་སྨན་པ་དང་ཆོས་པ་སོགས་ལས་འགུལ་བ་༡༣ཙམ་ཡོད་ཅིང་།  ཁོང་ཚོ་ཆེད་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་འཚེ་བ་མེད་པ་དང་ཞི་བདེ། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བཅས་ཀྱི་ཐོག་རྒྱུས་ལོན་གནང་བར་རྡ་རམ་ས་ལར་བཅར་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།