བོད་དང་ས་འབྲེལ་གྱི་ནུབ་རི་ཧི་ནང་སྔ་འགྱུར་དཔུང་རྩེ་དགོན་པར་མེ་སྐྱོན་བྱུང་འདུག

2023.01.25
Share on WhatsApp
Share on WhatsApp
བོད་དང་ས་འབྲེལ་གྱི་ནུབ་རི་ཧི་ནང་སྔ་འགྱུར་དཔུང་རྩེ་དགོན་པར་མེ་སྐྱོན་བྱུང་འདུག ནུབ་རི་ཧི་ནང་སྔ་འགྱུར་དཔུང་རྩེ་དགོན་པར་མེ་སྐྱོན་བྱུང་སྐབས། ༠༡།༢༥།༢༠༢༣
མཐུན་འགྱུར་པར་རིས།/RFA

དེ་ཡང་བལ་ཡུལ་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། འདི་ཚེས་༢༥རེས་གཟའ་ལྷག་པའི་ཉིན་རྒྱབ་ཆུ་ཚོད་བཞི་བ་ཙམ་ལ། བོད་དང་ས་འབྲེལ་བལ་ཡུལ་གྱི་མཐའ་མཚམས་གོར་ཁ་རྫོང་ཁོངས་སུ་ཡོད་པའི་བོད་བརྒྱུད་ནང་པའི་དགོན་པ། ནུབ་རི་ཧི་ནང་སྔ་འགྱུར་དཔུང་རྩེ་དགོན་པར་མེ་ཤོར་ནས་འདུ་ཁང་དང་། འདུ་ཁང་ནང་གི་ལྷ་སྐུ་དང་དཔེ་ཆ་སོགས་མང་ཆེ་བ་མེ་ཡིས་འཚིགས་ཡོད་འདུག
ས་གནས་ནས་འབྲེལ་ཡོད་མི་སྣ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། དགོན་པར་མེ་སྐྱོན་བྱུང་རྐྱེན་ད་དུང་ཁ་གསལ་མེད་ཀྱང་མེ་སྐྱོན་ཤུགས་ཆེ་དྲགས་ནས་ཆུ་ཚོད་ཁ་ཤས་རིང་མེ་གསོད་ཐུབ་མེད་པར་བརྟེན་ལྷ་ཁང་དང་། སྐུ་གསུང་ཐུགས་རྟེན་མང་ཆེ་བ་འཚིགས་ཟིན་འདུག ཡིན་ན་ཡང་མེ་སྐྱོན་ཁྲོད་མི་ཤི་རྨས་སོགས་བྱུང་མེད་པ་འགྲེལ་བརྗོད་གནང་བྱུང་།

Nobri Hinang monastery (3).JPG
སློབ་དཔོན་ཚེ་དབང་ནོར་བུ་རིན་པོ་ཆེ.jpgད་དུང་གནས་ཚུལ་ངོ་སྤྲོད་པས་བརྗོད་ན། ནུབ་རི་ཧི་ནང་སྔ་འགྱུར་དཔུང་རྩེ་དགོན་ནི་སློབ་དཔོན་ཚེ་དབང་ནོར་བུ་རིན་པོ་ཆེ་མཆོག་གིས་ཕྱག་བཏབས་གནང་པ་དང་། ལོ་ངོ་༢༠༠་ལྷག་གི་ལོ་རྒྱུས་ཡོད་པ་དང་། ཕྱིས་སུ་བླ་མ་ལྷག་པ་ནོར་བུ་ལགས་ཀྱིས་དགོན་པའི་ཕྱི་ནང་བར་གསུམ་ཉམས་གསོ་གནང་ཡོད་པ་དང་། དགོན་པ་དང་མཉམ་དུ་རྒན་གསོ་ཁང་ཡང་ཡོད་པ་རེད་འདུག


གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎