རྡ་སར་༸གོང་ས་མཆོག་ནས་ཆོས་འབྲེལ་གསུང་ཆོས།

༧གོང་ས་མཆོག་ནས་ཨ྄ུ་རུ་སུའི་མངའ་ཁོངས་ཡུལ་གྲུའི་ནང་པ་གཙོ་བོར་གྱུར་བའི་ཆོས་ཞུ་བ་སྟོང་ཕྲག་འགའ་ཤས་ལ་ཆོས་འབྲེལ་གསུང་ཆོས།

2010-11-30
Share

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་མངའ་ཁོངས་ཡུལ་གྲུའི་ནང་པ་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་སྟོང་ཕྲག་འགའ་ཤས་ཀྱི་འདུ་ཚོགས་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་འཁྲིད་དང་ དཔལ་གསང་བ་འདུས་པའི་བཀའ་དབང་སྩལ་གནང་བཅས་ཀྱི་ཆོས་འབྲེལ་གསུང་ཆོས་དེ་རིང་ཕྱི་ཟླ་༡༡་ཚེས་༣༠ཉིན་ནས་དབུ་འཛུགས་གནང་ཡོད་པ་རེད།

ཐེངས་འདིའི་གསུང་ཆོས་ནི་ར་ཤི་ཡའི་མངའ་ཁོངས་ཡུལ་གྲུ་སྦུར་ཡཏ་ཏུ་བཅའ་བཞུགས་ནང་པའི་གཙོ་འཛིན་ཡེ་ཤེས་བློ་གྲོས་རིན་པོ་ཆེ་དང་། ཏེ་ལོ་རིན་པོ་ཆེ་བོད་སྐྱོབ་ཐེབས་རྩ་ཚོགས་པ་སོགས་ཨུ་རུ་སུའི་དད་ལྡན་མི་མང་ཚོ་ཁག་ཅིག་ནས་གསོལ་འདེབས་ཞུས་པ་ཞིག་ཡིན་ཞིང་ བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་ ཐེངས་འདིའི་ཆོས་འབྲེལ་གསུང་ཆོས་ཕྱི་ཟླ་༡༢ཚེས་༢བར་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་དང་ ད་རེས་ཆོས་ཞུ་བའི་ཁོངས་སུ་ཨུ་རུ་སུའི་གྲོས་ཚོགས་ཀྱི་འཐུས་མི་བཞི་དང་དབུས་ཨེ་ཤི་ཡའི་ཡུལ་གྲུ་ ཀ་ཛཀསི་ཐན་གྱི་དཔལ་འབྱོར་ ར་ཤི་ཡའི་མངའ་འོག་སོག་རིགས་ཡུལ་གྲུ་ ཀལ་མུ་ཀི་ཡའི་སྲིད་བློན་ཟུར་པ་སོགས་གཙོས་ ཀལ་མུཀ་དང་། ཐུ་ལྦ། སྦུར་ཡ། ཁ་ཛག་ཀིསི་ཐན་བཅས་ནས་དད་ལྡན་ཆོས་ཞུ་བ་མི་གྲངས་༡༠༣༥དང་།  དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་༥༤སོགས་ནས་བཅར་བའི་དད་ལྡན་ཆོས་ཞུ་བ་དང་ གཞན་ཡང་རྒྱ་རིགས་དང་བོད་མི་སེར་སྐྱ་མི་གྲངས་ཁྱོན་བསྡོམས་༦༠༠༠བརྒལ་བ་གསུང་ཆོས་ཞུ་བར་བཅར་ཡོད་པ་རེད།

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྦུར་ཡཏ་ནང་པའི་དབུ་འཁྲིད་ཡེ་བློ་རིན་པོ་ཆེས་གསང་བདེ་འཇིགས་གསུམ་གྱི་བཀའ་དབང་སྩོལ་གནང་ཡོང་བའི་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ སྔ་ལོའི་ཆོས་འབྲེལ་སྐབས་དཔལ་རྡོ་རྗེ་འཇིགས་བྱེད་དང་འདི་ལོ་གསང་འདུས་འཁོར་ལོ་བདེ་མཆོག་གི་དབང་དེ་རྗེས་སུ་སྩལལ་གནང་མཛད་རྒྱུ་ཡིན་པ་བཀའ་གནང་འདུག།

དེ་རིང་ཕྱི་ཟླ་༡༡པའི་ཚེས་༣༠ཉིན་དཔལ་གསང་བ་འདུས་པའི་དབང་གི་སྟ་གོན་དང་སང་ཉིན་དབང་དངོས་གཞི་སྩོལ་གནང་མཛད་རྒྱུ་ཡིན་ཞིང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྔགས་བླ་མེད་ཉམས་ལེན་བྱ་མཁན་ངོ་མ་ཞིག་ཡིན་ན་ ངེས་པར་དུ་གསང་སྔགས་ཀྱི་ལམ་དུ་མ་ཞུགས་སྔོན་ཐོུང་ལམ་སྦྱང་གི་བློར་ངེས་པར་སྦྱང་པ་དགོས་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་བཀའ་གནང་པ་དང་ དེ་རྗེས་གསང་སྔགས་ཀྱི་བསྐྱེད་རིམ་སྒོམས་སྟེ་མྱོང་བ་གང་ཙམ་ཐོན་པ་མཚམས་སུ་རྫོགས་རིམ་ཉམས་ལེན་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།