བོད་ཀྱི་སངས་རྒྱས་བསྟན་པ་དེ་བཤད་གྲུབ་གཉིས་གཙོ་བོ་བྱེད་དགོས། ༧གོང་ས་མཆོག་གིས།


2019.02.23
བོད་ཀྱི་སངས་རྒྱས་བསྟན་པ་དེ་བཤད་གྲུབ་གཉིས་གཙོ་བོ་བྱེད་དགོས། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བསྩལ་ཏེ། དབུ་མ་སྙིང་པོའི་བཀའ་ཆོས་ལེགས་པར་མཇུག་སྒྲིལ་མཛད་གནང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༢ ཚེས་ ༢༣ ཉིན་ཀུན་བདེ་གླིང་རིན་པོ་ཆེ་མཆོག་གིས་དབུས་པའི་གདན་ས་ཁག་གི་བླ་སྤྲུལ་དང་།  སོག་ཡུལ་ཐེ་བའི་ཨེ་ཤི་ཡ་དང་ནུབ་ཕྱོགས་ཡུལ་གྲུ་ཕྱོགས་གང་ས་ནས་ལྷགས་པའི་དད་ལྡན་ཆོས་ཞུ་བ་སྟོང་འཚོ་བདུན་ཙམ་ལ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ།   དབུ་མ་སྙིང་པོའི་བཤད་ལུང་བཀའ་ཁྲིད་བསྩལ་གནང་ལེགས་པར་གྲུབ་ནས།  ཤེས་རབ་ཀྱི་ལྷ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཀྲིན་བསྩལ་གནང་འདུག
སྐབས་དེར་མགོན་པོ་གང་ཉིད་ནས་ད་རེས་ཆོས་འབྲེལ་འདི་ལྟར་བསྩལ་གནང་རྒྱུ་བྱུང་བ་ནི།  སློབ་དཔོན་ལེགས་ལྡན་གྱི་གཞུང་དེའི་བཤད་ལུང་གསན་ཡུལ་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གི་བཀའ་དགོངས་ལ་ཞབས་འདེགས་སྒྲུབ་པ་ཞིག་ཏུ་དགོངས་པ་བཞེས་གནང་གི་ཡོད་པའི་སྐོར་བཀའ་ཕེབས་ཡོད་ཅིང་།  དེ་དང་ཆབས་ཅིག།  བོད་ཀྱི་སངས་རྒྱས་བསྟན་པ་འདི་བཤད་གྲུབ་གཉིས་པོ་གཙོ་བོ་བྱས་ཏེ།  ཉམས་ལེན་དང་དངོས་སུ་འགྲེལ་བཤད་རྒྱག་རྒྱུ་ཡོད་པར།  ལག་ལེན་དུ་འགེལ་སྐབས། རང་གི་སྒོ་གསུམ་གུས་པས་བཏུས་བ་ལས།  ལྷ་ཁང་འཛིགས་པོ་དང་འཆམ་འཁྲབ་པ་སོགས་ཀྱི་ཆོ་ག་ཕྱག་ལེན་གཅིག་པོའི་འགྲིག་རྒྱུ་མེད་པ་དང་།  ལྷག་པར་ཐེག་པ་ཆེན་པོ་སྔགས་དང་བཅས་པ་ཆ་ཚང་བ་ཞིག་སྤྱོད་རྒྱུ་ཡོད་པ་ནི།  བསྐལ་བ་བཟང་པོ་རེད་ཅེས་བཀའ་གནང་འདུག
མཛད་རིམ་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཞུགས་སྒར་རྡ་རམ་ས་ལར་ཕྱི་ཟླ་ ༢ཚེས་༢༧རེས་གཟའ་ལྷག་པའི་ཉིན་འཚོ་ཁག་འདྲ་མིན་བཞི་ནས་མགོན་པོ་གང་ཉིད་སྐུ་ཚེ་མི་འཇིགས་ཁམས་སུ་བརྟན་པའི་ཆེད་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་རིམ་
ཐུགས་གཏན་འཁེལ་ཡོད་པ་རེད།།

གསར་འགོད་པ་བཀྲིས་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎