དུས་རབས་༢༡པ་འདི་ཞི་བདེ་ལྡན་པ་ཞིག་བཟོ་རྒྱུའི་གོ་སྐབས་དང་འགན་དེ་གཞོན་སྐྱེས་ཚོར་ཡོད། ༧གོང་ས་མཆོག་གིས།


2019.11.20
དུས་རབས་༢༡པ་འདི་ཞི་བདེ་ལྡན་པ་ཞིག་བཟོ་རྒྱུའི་གོ་སྐབས་དང་འགན་དེ་གཞོན་སྐྱེས་ཚོར་ཡོད། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་བླ་མ་ཡེ་ཤེས་དམ་པ་དེས་ལྡི་ལིར་ཆེད་བཙུགས་གནང་པའི་ནང་པའི་ཆོས་ཚོགས་ཏུ་ཤི་ཏ་དབུ་བརྙེས་ནས་ལོ་ངོ་༤༠འཁོར་བའི་མཛད་སྒོར་ཆིབས་བསྒྱུར།
དགའ་ལྡན་ཕོ་བྲང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བླ་མ་ཡེ་ཤེས་དམ་པ་དེས་ལྡི་ལིར་ཆེད་བཙུགས་གནང་པའི་ནང་པའི་ཆོས་ཚོགས་ཏུ་ཤི་ཏ་དབུ་བརྙེས་ནས་ལོ་ངོ་ ༤༠
འཁོར་བའི་མཛད་སྒོར་ཆིབས་བསྒྱུར་དབུ་ཞུགས་དང་འབྲེལ། ཚེས་ ༢༠ ཉིན་ཁོང་ཁྲོ་དང་དངངས་སྐྲག་ལ་གདོང་ལེན་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། མི་རབས་གཞོན་པ་ཚོར་དུས་རབས་ ༢༡ པ་འདི་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་བཟོ་ཕྱོགས་ཐད་འབད་བརྩོན་བྱ་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་རབས་ཚོས་དུས་རབས་ཉི་ཤུ་པའི་མི་རབས་ཀྱི་ནོར་འཁྲུལ་བསྐྱར་བཟློས་མི་ཡོང་བ་བྱ་དགོས་པ་དང་། མ་འོངས་པའི་འཛམ་གླིང་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་འབྱུང་རྒྱུར་ད་ལྟའི་མི་རབས་ཚོར་དམིགས་བསལ་འོས་འགན་དང་གོ་སྐབས་ལྡན་ཡོད་པ་བཀའ་གནང་ཞིང་། ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དམག་འཁྲུག་གི་ལམ་ནས་གནད་དོན་ཐག་གཅོད་བྱེད་པའི་ལམ་ལུགས་ཀྱི་དུས་ཚོད་ཡོལ་ཟིན་པ་བཀའ་གནང་པ་དང་། དུས་རབས་གསར་པ་འདི་གྲོལ་མོལ་གྱི་དུས་རབས་ཤིག་བཟོ་དགོས་གལ་ཆེ་བ་བཀའ་གནང་པར་མ་ཟད།  རང་གཞན་གཉིས་ཀའི་ཞི་བདེའི་མདུན་ལམ་ཆེད་ཕན་ཚུན་འགྲོ་བ་མི་གཅིག་མཚུངས་ཡིན་པའི་འདུ་ཤེས་གོང་སྤེལ་ཐོག། བྱམས་དང་སྙིང་རྗེའི་ཉམས་ལེན་གོང་ཐོར་གཏོང་དགོས་པ་བཀའ་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་པ་དང་སྙིང་རྗེའི་ཉམས་ལེན་ནི་ཆོས་ཁས་ལེན་མཁན་དང་མི་ལེན་མཁན་ཚང་མས་བྱེད་ཆོག་པ་ཞིག་དང་བྱེད་དགོས་པ་ཞིག་ཡིན་པར་མ་ཟད། དེང་དུས་ཤེས་ཡོན་ལམ་ལུགས་ནང་ཡང་རིན་ཐང་གི་སློབ་གསོ་དེ་དག་ཚུད་དགོས་པའི་དགོངས་ཚུལ་གསུངས་ཡོད་པ་རེད།
ཤེས་ཡོན་དེ་ཕྱི་དངོས་པོའི་ཡར་ཁོ་ནར་དམིགས་པ་ཞིག་མ་ཡིན་པར་ནང་སེམས་ཀྱི་སྤྱོད་བཟང་དང་། སྙིང་རྗེའི་ཕན་ཡོན་སོགས་ཀྱི་སློབ་གསོ་ངེས་པར་སྤྲོད་དགོས་པ་བཀའ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎