ཧོང་ཀོང་ནང་གསར་འགོད་རང་དབང་དགོས་སྐོར་འབོད་སྐུལ།

ཧོང་ཀོང་གསར་འགོད་པ་ཚོས་རྒྱ་གཞུང་ནས་གསར་འགོད་པའི་རང་དབང་ལ་བརྩི་འཇོག་བྱེད་དགོས་སྐོར་འབོད་སྐུལ་ཆེད་ས་རྟགས་བསྡུ་རུབ།

2009-09-30
Share

༄༅༎ཧོང་ཀོང་ནང་ཡོད་པའི་གསར་འགོད་པ་ཚོས་རྒྱ་ནག་གཞུང་ནས་གསར་འགོད་པའི་རང་དབང་ལ་བརྩི་འཇོག་བྱེད་དགོས་སྐོར་འབོད་སྐུལ་ཆེད་ས་རྟགས་བསྡུ་རུབ་གནང་ཡོད་པ་རེད།

དེ་རིང་རེས་གཟའ་ལྷག་པའི་ཉིན་ཧོང་ཀོང་ནང་ཡོད་པའི་གསར་འགོད་པ་༡༣༠༠ལྷག་ཙམ་ཞིག་མཉམ་རུབ་ཀྱི་ཐོག་ནས་མཚན་རྟགས་བཀོད་པའི་སྙན་ཞུ་ཞིག་རྒྱ་ནག་གཞུང་ལ་འབུལ་ལམ་ཞུས་པ་དང་སྙན་ཞུ་དེའི་ནང་ཉེ་ཆར་ཟི་ཁྲོན་ཁུལ་དུ་བྱུང་བའི་དོན་རྐྱེན་དང་དེ་བཞིན་རྒྱ་ནག་གི་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ནང་བྱུང་བའི་དོན་རྐྱེན་ཐོག་ཧོང་ཀོང་གི་གསར་འགོད་པས་གསར་འགྱུར་མཁོ་སྒྲུབ་བྱེད་པའི་སྐབས་རྒྱ་ནག་གི་ཉེན་རྟོག་དམག་མིས་ཧོང་ཀོང་གི་གསར་འགོད་པའི་ཐོག་ཉེས་རྡུང་བཏང་བ་དང་གསར་འགོད་པའི་ཡོ་ཆས་འཕྲོག་བཅོམ་བྱེད་པ་དེ་བཞིན་དུས་ཡུན་ཚོུད་འགའ་ཤས་རིང་གསར་འགོད་པ་བཙོན་འཇུག་བྱེད་པ་སོགས་ཀྱི་གནད་དོན་ཐད་ཞིབ་འཇུག་བྱེད་དགོས་ཞེས་འཁོད་ཡོད་ཅིང་དེ་ཡང་ཧོང་ཀོང་གི་ས་གནས་གསར་འགྱུར་བརྒྱུད་ལམ་ཁག་བཞི་ཙམ་ནང་བཏོན་ཡོད་པ་རེད། ཡང་སྙན་ཞུ་དེའི་ནང་ཟི་ཁྲོན་དང་ཤིན་ཅང་ས་གནས་སྲིད་གཞུང་གི་འགན་ཁྲིད་པ་ཚོས་རྒྱལ་སྤྱིའི་གསར་འགོད་པའི་རང་དབང་ལ་སྲུང་བརྩི་ཞུས་ནས་ངེས་པར་དུ་བྱ་སྤྱོད་དེ་ཚོའི་རིགས་ལ་ཉེས་ཆད་གཏོང་དགོས་ཀྱི་རེད་ཅེས་སྙན་ཞུའི་ནང་འཁོད་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།