རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་སྐྱོང་གནང་མཛད་རྒྱུ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐྱོང་གནང་མཛད་རྒྱུ་ཡིན་པ་རེད།
2011-12-28
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐྱོང་གནང་མཛད་རྒྱུ་ཡིན་པ་རེད། དེ་ཡང་ཕྱི་ཟླ་བཅུ་གཉིས་པའི་ཚེས་༣༡ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་འཁོད་རྗེས།  ཕྱི་ལོ་༢༠༡༢ལོའི་ཕྱི་ཟླ་བ་༡ཚེས་༡ཉིན་རྒྱབ་ཕྱག་ཚོད་༡པོ་ནས་༣བར་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་སློབ་མའི་རྗེས་འཛིན་དང་། ཕྱི་ཚེས་བཞི་ལྔ་དྲུག་ཉིན་གྲངས་གསུམ་རིང་བར་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་མདུན་མ། དགེ་བཤེས་གླང་ཐང་པ་རྡོ་རྗེ་སེངྒེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ། དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཇིག་རྟེན་ལས་འདས་པའི་བསྟོད་པ་བཅས་སྩལ་རྒྱུ་རེད།  ཕྱི་ཚེས་༧ཉིན་ཕྱེད་ཡོལ་ཚོུད་༡ནས་༣དང་ཕྱེད་ཀ་བར་དུས་འཁོར་དབང་ཆེན་གྱི་སྔོན་འགྲོ་སློབ་མའི་སྟ་གོན།  ཕྱི་ཚེས་དགུ་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་འཁོར་དབང་ཆེན་གྱི་དངོས་གཞི་ཉིན་དང་པོ་བསྐྱང་རྒྱུ་དང་།  ཕྱི་ཚེས་༡༠ཉིན་གྱི་སྔ་དྲོ་ཚོུད་༦པ་ནས་༩པ་བར་དུས་འཁོར་དབང་ཆེན་དངོས་གཞི་ཉིན་གཉིས་པ་དང་། ཚོུད་༩པ་ནས་༡༠བར་མང་ཚོགས་ལ་སྒྲོལ་དཀར་གྱི་ཚེ་དབང་སྩལ་རྒྱུ་ཡིན་ཞིང་།  ཚོུད་༡༠པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཆི་མེད་ལྷ་ལྔའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག  དེ་བཞིན་ཆུ་ཚོད་༢པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་བརྒྱུད་ནང་བསྟན་ཡོངས་རྫོགས་བསྟན་པའི་བདག་པོར་བསྐྱར་ནན་གྱི་མངའ་གསོལ་གཟེངས་རྟགས་འབུལ་ལམ་ཞུ་རྒྱུ་དང་། གཞན་ཡང་། ཕྱི་ཚེས་༧ཉིན་རྒྱབ་ཚོུད་༤པར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་།དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་ཐུན་མོང་ནས་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་དུ་མཆོད་འབུལ་ཞུ་རྒྱུ་བཅས་ཀྱི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་བཀོད་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།