བདེ་སྲུང་བཀའ་བློན་མཆོག་རྒྱ་གར་ཧིན་རྡུའི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེ་གྲས་ཀུམ་བྷ་ (Maha Kumbh) ཞེས་པའི་དུས་སྟོན་ཐོག་ཕེབས་འདུག

2025.02.07
བདེ་སྲུང་བཀའ་བློན་མཆོག་རྒྱ་གར་ཧིན་རྡུའི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེ་གྲས་ཀུམ་བྷ་ (Maha Kumbh) ཞེས་པའི་དུས་སྟོན་ཐོག་ཕེབས་འདུག བདེ་སྲུང་བཀའ་བློན་མཆོག་རྒྱ་གར་ཧིན་རྡུའི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེ་གྲས་(Maha Kumbh)་ཞེས་པའི་དུས་སྟོན་ཐོག་ཕེབས་སྐབས། ༢༠༢༥།༠༢།༠༥
CTA

དེ་ཡང་ཕྱི་ཟླ་༢ཚེས་༤ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་དང་། ཆོས་རིག་དྲུང་ལས་ཚེ་རིང་སྟོབས་རྒྱལ་ལགས། བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་འཆི་མེད་བཀྲ་ཤིས་ལགས་བཅས་རྒྱ་གར་ཨུ་ཏར་པྲདེཤི་ (UP) མངའ་སྡེའི་པྲ་ཡག་རཇི་ (Prayagraj) གྲོང་ཁྱེར་དུ་ཚོགས་བཞིན་པའི་ཧིན་རྡུའི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེ་ཤོས་གྲས་ཀུམ་བྷ་མེ་ལར་(Maha Kumbh) ཕེབས་ཞུགས་གནང་ཡོད་པ་དང་། བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་ནང་པའི་མཱ་ཧཱ་ཀུམབྷ་གནས་སྐོར་གྱི་མཛད་སྒོར་ཆེད་ཕེབས་གནང་ཞིང་། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་དང་། འབྲས་ལྗོངས་ནས་ཕེབས་པའི་དགེ་འདུན་པ་རྣམས་དང་མཇལ་འཕྲད་གནང་འདུག
གཞན་ཉིན་གཉིས་པར་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པས་གོ་སྒྲིག་ཞུས་པའི་ཀུམ་བྷ་སྟོན་པའི་དམིགས་བསལ་འདུ་འཛོམས་ (Buddha Special Sangam Maha Kumbh) ཞེས་པར་ཕེབས་ནས་དེར་བསང་གསོལ་དང་ལྷག་དཀར་སྲུང་བརྩིའི་ཐོག་མཉམ་ཞུགས་གནང་བ་དང་། འཕགས་བོད་འབྲེལ་མཐུད་ལས་ཁང་གིས་གོ་སྒྲིག་གནང་བའི་དཔེ་དེབ་འགྲེམས་སྟོན་དུ་གཟིགས་སྐོར་གནང་བ། དང་བླངས་པ་དང་གནས་སྐོར་བ་ཚོར་མཇལ་མོལ་གནང་འདུག

Kalon Dolma Gyari Attends Historic Buddha Special Sangam Maha Kumbh (1).jpeg
བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་མཛད་སྒོ་འདི་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན་པ་དང་། དེས་ཧིན་རྡུའི་ཆོས་ལུགས་དང་ནང་པ་བར་གྱི་འབྲེལ་བ་ཟབ་ཏུ་གཏོང་བར་གོམ་སྟབས་གལ་ཆེན་ཞིག་མཚོན་གྱི་ཡོད་པ་གསུངས་ཡོད་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
སྤྱིར་རྒྱ་གར་གྱི་མ་ཧ་ཀུམ་བྷ་ (Maha Kumbh) དུས་ཆེན་དེ་བཞིན་འཛམ་གླིང་ནང་མི་མང་འདུ་འཛོམས་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། འཛམ་གླིང་ཡོངས་ནས་དད་ལྡན་པ་དང་གནས་སྐོར་བ་ས་ཡ་མང་པོ་འདུ་འཛོམས་བྱེད་ཀྱི་ཡོད་པ་རེད།


གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎