གཅར་རྡུང་རྗེས་འཛིན་བཟུང་དང་གར་སོང་ཆ་མེད།

རྔ་པ་ཀིརྟི་དགོན་པའི་གྲྭ་ལུང་རྟོགས་དང་མི་སྐྱ་བཀྲ་ཤིས་གཉིས་ཀྱིས་རང་ལུས་མེར་སྲེག་གཏོང་སྐབས་དམིགས་བསལ་ཉེན་རྟོག་པས་བོད་མིར་གཅར་རྡུང་བྱས་རྗེས་བོད་མི་འཛིན་བཟུང་དང་། གར་སོང་ཆ་མེད་གྱུར་འདུག

2012.08.21

འདི་གའི་རླུང་འཕྲིན་ཁང་ལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་ཁང་ནས་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་ལུང་རྟོགས་དང་མི་སྐྱ་བཀྲ་ཤིས་གཉིས་ཀྱིས་རང་ལུས་མེར་སྲེག་གཏོང་སྐབས་དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་ལྕགས་མདུང་འཛེར་མ་ཅན་སོགས་ལག་ཆ་འདྲ་མིན་བེད་སྤྱོད་བཏང་ནས་མི་མང་ལ་གཅར་རྡུང་དྲག་པོ་བཏང་ཞིང་ཁག་ཅིག་འཛིན་བཟུང་བྱས་པ་ཁག་གི་གྲས་ནས་ཤེས་རྟོགས་བྱུང་བ་ལྷ་སྡེ་འགབ་མའི་བོན་ཁོ་སྐྱིད། རང་ལོ་ ༤༤ ། ཕ་མིང་ལ་ཡར་འཕེལ་ཡིན་པ་དང་། ཇོ་ལེབས་སྡེ་བའི་གཡུང་ཁོ་ཚང་གི་ཆེ་མཆོག  རང་ལོ་ ༤༨ ཙམ་ཡིན་པ་ཁོང་གཉིས་ཡིན་ཞིང་། སྐབས་ཐོག་དེར་གཅར་རྡུང་གིས་རྨས་སྐྱོན་ཕོག་ཡོད་ཀྱང་། འཛིན་བཟུང་བྱས་པའི་རྗེས་སུ་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་གོ་ཐོས་བྱུང་མེད་པར་མུ་མཐུད་ལྷག་ཡོད། བོན་ཁོ་སྐྱིད་ལོ་སྔོན་མར་འཛིན་བཟུང་བཀག་ཉར་ཟླ་བ་གཅིག་ལྷག་རིང་བྱས་པ་དང་། ཉི་མ་མང་པོའི་རིང་ཁྲིམས་ལུགས་སློབ་གསོའི་ལས་འགུལ་ཞེས་པར་འགྲོ་དགོས་བྱུང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་ལ་རྒྱ་གར་དབུས་སའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎