༧གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་ནང་པའི་དུས་སྟོན་ཐོག་བཀའ་སློབ་གསུང་འཕྲིན་སྩོལ་རྒྱུ།


2020.10.28
༢༠༡༩ལོའི་ལྷོ་ཀོ་རི་ཡའི་སི་ཡོལ་(Seoul)ནང་པའི་དུས་སྟོན་སྐབས། ༢༠༡༩ལོའི་ལྷོ་ཀོ་རི་ཡའི་སི་ཡོལ་(Seoul)ནང་པའི་དུས་སྟོན་སྐབས།
Event organiser pic

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ལྷོ་ཀོ་རི་ཡའི་སི་ཡོལ་(Seoul)ནང་པའི་དུས་སྟོན་ཆེན་མོའི་ཐོག་བཀའ་སློབ་གསུང་འཕྲིན་སྩོལ་གནང་མཛད་རྒྱུ་ཡིན་འདུག དུས་སྟོན་གོ་སྒྲིག་ཚོགས་ཆུང་གིས་གསུངས་ན། འདི་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སི་ཡོལ་ནང་པའི་དུས་སྟོན་ཆེན་མོའི་ཐོག་བཀའ་སློབ་སྩོལ་གནང་མཛད་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག
ལྷོ་ཀོ་རི་ཡའི་ནང་པའི་དུས་སྟོན་འདི་བཞིན་ཕྱི་ཟླ་༡༡ཚེས་༥ནས་ ༨བར་ཚོགས་ཀྱི་ཡོད་འདུག་པ་དང་། དུས་སྟོན་གྱི་དྲ་ཐོག་ཚོགས་འདུ་འདི་ལོའི་དུས་སྟོན་གྱི་ཚོགས་འདུའི་ཐོག་ཀོ་རི་ཡའི་ནང་ཆོས་དང་། ལྷོ་ཕྱོགས་ཀྱི་ནང་ཆོས། དྲན་པ་ཉེར་གཞག བོད་བརྒྱུད་ནང་བསྟན་བཅས་ཀྱི་སྐོར་ལ་བཀའ་བསྡུར་གནང་རྒྱུ་ཡིན་པ་གསལ་འདུག་ལ། དུས་སྟོན་དེའི་དགོས་དམིགས་གཙོ་བོ་གཅིག་ནི་སེམས་ཁམས་འཕྲོད་བསྟེན་གྱི་ཐོག་ནས་ནད་ཡམས་ཁྱབ་གདལ་ཆེ་བའི་དུས་སྐབས་འདིར་ཡིད་མུག་པ་སོགས་དཀའ་ངལ་ལས་ཐར་ཐབས་ཐོག་ཡིན་པ་བརྗོད་འདུག
དུས་སྟོན་འདི་བཞིན་ཀོ་རི་ཡའི་ནང་གི་ནང་པའི་དགོན་པ་༡༩༠༠ དང་། དགེ་བཙུན་ཆིག་ཁྲི་གསུམ་སྟོང་ལྷག་ཡོད་པའི་(Jogye)ནང་བསྟན་ཆོས་རྒྱུད་འཛིན་པས་གོ་སྒྲིག་གནང་བ་ཞིག་དང་། སྔ་ལོའི་དུས་སྟོན་སྐབས་མི་གྲངས་ཁྲི་༧ མཉམ་ཞུགས་གནང་ཡོད་པ་རེད།
ལོ་མང་གོང་ནས་ཀོ་རི་ཡའི་ནང་པ་མང་པོ་ཞིག་བཞུགས་སྒར་རྡ་རམ་ས་ལར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་བར་བཅར་གྱི་ཡོད་ལ། གླིང་མཆོག་སྤྲུལ་རིན་པོ་ཆེ་སོགས་བོད་ཀྱི་བླ་མ་མང་དག་ཞིག་ཀོ་རི་ཡའི་ནང་ནང་ཆོས་སློབ་ཁྲིད་ཆེད་ཕེབས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎