བོད་ནང་བོད་མིས་ཚོས་རྣམ་པ་འདྲ་མིན་གྱིས་གྱ་སྟོན་སྲུང་བརྩི་གནང་བ།

2015-06-22
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ནང་བོད་མིས་ཚོས་རྣམ་པ་འདྲ་མིན་ཐོག་གྱ་སྟོན་སྲུང་བརྩི་གནང་བཞིན་པ། ༢༠༡༥།༦།༢༡
བོད་ནང་བོད་མིས་ཚོས་རྣམ་པ་འདྲ་མིན་ཐོག་གྱ་སྟོན་སྲུང་བརྩི་གནང་བཞིན་པ། ༢༠༡༥།༦།༢༡
བོད་འབྱོར།

བོད་ནང་རྒྱ་ནག་གི་དམ་དྲག་ཡོད་མིན་ལ་མ་བལྟོས་བར་བོད་མི་ཚོས་༧གོང་ས་མཆོག་གི་སྐུའི་གྱ་སྟོན་སྲུང་བརྩི་གནང་བཞིན་པ་རེད།
དེ་ཡང་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། མཚོ་སྔོན་མགོ་ལོག་དང་། རྨ་ལྷོ་རེབ་གོང་། ཟི་ཁྲོན། ཀན་ལྷོ་ཕྱོགས་བཅས་ཀྱི་ས་གནས་འདྲ་མིན་གྱི་བོད་མི་ཚོས་རྒྱ་ནག་གཞུང་གིས་ས་གནས་སུ་དམ་བསྒྲགས་བལྟ་རྟོགས་ནན་མོ་བྱེད་བཞིན་པར་མ་བལྟོས་བར། ས་གནས་ཀྱི་གནས་སྟངས་ལ་དཔག་པས་རྣམ་པ་འདྲ་མིན་ཐོག་༧གོང་ས་མཆོག་གི་སྐུའི་གྱ་སྟོན་སྲུང་བརྩི་གནང་ཡོད་པ་དང་། བོད་ནང་གི་བོད་མི་ཞིག་གིས་བརྗོད་དོན། ས་གནས་སོ་སོའི་དགོན་པ་དང་། ཁྱིམ་ཚང་། ཡང་ན་སྤང་ཐང་བཅས་སུ་༧གོང་ས་མཆོག་གི་སྐུ་པར་བསྒྲིགས་པའི་མདུན་དགའ་སྤྲོ་དང་དད་གུས་ཀྱི་རྣམ་པ་འདྲ་མིན་བསྟན་ནས་གྱ་སྟོན་གྱི་དགའ་སྟོན་བྱེད་བཞིན་པ་མཐོང་རྒྱུ་ཡོད་པ་བརྗོད་ཡོད། ལྷག་པར་ས་ཁུལ་མང་པོ་ཞིག་ལ་ས་གནས་སུ་དམ་དྲག་གི་དབང་གིས་མངོན་གསལ་དོད་པོས་དམངས་ཁྲོད་དུ་གྱ་སྟོན་སྲུང་བརྩི་གནང་ཐུབ་མེད་ཀྱང་མགོ་ལོག་དང་། འབའ་རྫོང་སོགས་བོད་ནང་གི་ས་ཁུལ་མང་པོར་བོད་མི་ཚོས་བསང་གསོལ་བཏང་བ་དང་། ཤོ་སྦག་སྤར་བ། ཉ་རིགས་སོགས་སེམས་ཅན་འདྲ་མིན་སྲོག་བླུ་ཚེ་ཐར་བཏང་བ། གྱ་སྟོན་གྱི་གསོལ་འདེབས་གསུངས་པ་སོགས་ཀྱི་བྱེད་སྒོ་སྤེལ་འདུག དེ་བཞིན་མགོ་ལོག་པད་མ་ཕྱོགས་སུ་བོད་མི་ཚོས་དགེ་བསྒྲུབ་གནང་རྒྱུ་དང་། དམར་ཟས་སྤང་བ་སོགས་བྱས་ནས་གྱ་སྟོན་གནང་འདུག
ད་དུང་ཁྲིན་འདུ་ཁུལ་གྱི་བོད་རིགས་སློབ་མ་དང་། ཚོང་པ་རྣམས་ཀྱིས་དམར་ཟས་སྤང་བ་དང་། དཀར་ཟས་ཀྱི་སྤྲོ་སྐྱིད་བཏང་བ་སོགས་ཀྱི་རྣམ་པའི་ཐོག་ནས་གྱ་སྟོན་སྲུང་བརྩི་གནང་འདུག ད་དུང་བོད་ནང་གི་གཡུ་ཆུང་ཉ་མོ་སྲུང་སྐྱོབ་དྭངས་བླངས་པ་ཚོས་གྱ་སྟོན་ཆེད་ཉ་རིགས་མང་པོའི་ཚེ་སྲོག་སྐྱོབ་པའི་བྱ་འགུལ་སྤེལ་འདུག ད་དུང་བོད་ནང་གི་བོད་མི་མང་པོས་དྲ་ལམ་འཕྲིན་ལམ་ནས་གྱ་སྟོན་གྱི་བྱེད་སྒོ་སྤེལ་བ་དང་། རྩོམ་པ་པོ་ཚོས་གྱ་སྟོན་དང་འབྲེལ་བའི་རྩོམ་ཡིག་འདྲ་མིན་ཡང་སྤེལ་ཡོད་པ་རེད།
འོན་ཀྱང་གནས་ཚུལ་ལྟར་ན། རྒྱ་ནག་གི་འབྲེལ་ཡོད་ཚན་པས། བོད་ནང་གི་ས་གནས་གང་སར་བཀའ་རྒྱ་བཏང་ནས་ས་གནས་གང་སར་བོད་མི་རྣམས་ཀྱིས་སྐུའི་གྱ་སྟོན་གྱི་རྣམ་པ་ཡོད་པའི་བྱེད་སྒོའི་ཐོག་དམ་བསྒྲགས་ལག་ལེན་བསྟར་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད།

གསར་འགོད་པ་ཀརྨ་རྡོ་རྗེ།

མཆན། (0)
Share
དྲ་གནས་ཆ་ཚང༌།