བླ་བྲང་འཇིགས་མེད་སྲོག་གི་ཉེན་ཁ་ལས་སླར་ཡང་གསོན་ཡོད་ཟེར།


2017.01.27
འཇིཊ་མེད་རྒྱ་མཚོ་འམ་བླ་བྲང་འཇིགས་མེད་མགོ་རིལ་ལགས་དང་ཁོང་གིས་བྲིས་བའི་ཡི་གེ ༢༠༡༦།༡༡།༢༦ འཇིཊ་མེད་རྒྱ་མཚོ་འམ་བླ་བྲང་འཇིགས་མེད་མགོ་རིལ་ལགས་དང་ཁོང་གིས་བྲིས་བའི་ཡི་གེ ༢༠༡༦།༡༡།༢༦
དགེ་འདུན་ཕུན་ཚོགས།

བོད་ཀྱི་ཆབ་སྲིད་བཙོན་ཟུར་བླ་བྲང་ཨ་ཁུ་འཇིགས་མེད་ལཊ་ཀྱིས་རང་རིགས་ལ་བཅངས་པའི་ཆོད་སེམས་དང་རེ་བར་ནམ་ཡང་འགྱུར་བ་མེད་གསུངས་འདུག
དེ་ཡང་ཁོང་གིས་དངོས་སུ་བྲིས་པའི་ཡི་གེ་ཞིག་ཁོང་གི་དགེ་ཕྲུག་དགེ་འདུན་ཕུན་ཚོགས་ལགས་ཀྱིས་འདི་གར་བཏང་བའི་ནང་། ང་ཡི་སྙིང་སྟོབས་དང་ཆོད་སེམས། རིགས་ཞེན་དང་ལ་རྒྱ། རེ་བ་དང་གསོན་ཤུགས་སོགས་ཉམས་སོང་བ་ཡིན་ན་ཁོ་ཚོའི“འདོད་ཐོག་ལ་རྟ་རྒྱུག”པ་ཡིན་པས་ཁོ་ཚོས་ང་ཚོ་ཕམ་ཉེས་གཏོང་བྱེད་ཀྱི་ཐབས་ལམ་ལའང་འཇིགས་སྣང་དང་བསླུ་བྲིད། རྫུན་གཏམ་དང་གཡོ་ཇུས་སོགས་ཐབས་སྣ་ཚོགས་ཤིག་བེད་སྤྱོད་བྱས་ཀྱང་ཁོང་གི་དམ་བཅའ་ལ་འགྱུར་བ་མེད་པ་གསུང་ནས་། ཡི་གེ་དེའི་མཇུག་ཏུ་ངའི་རིགས་ལ་བཅངས་པའི་ལྷག་བསམ། ངའི་ཡུལ་ལ་བཟུང་བའི་བརྩེ་བ། ངའི་སྤུན་ཟླར་བཅོལ་བའི་རེ་བ་སོགས་ནི་མི་འགྱུར་བྲག་རི་བཞིན་སུས་ཀྱང་གཞོམ་གཞིག་གཏོང་མི་ནུས་པ་བཞིན་དུ། འཛམ་གླིང་ཞི་བདེ་དང་། རྒྱལ་ཁམས་དར་རྒྱས། སེམས་ལྡན་བདེ་སྐྱིད་སོགས་ཀྱི་སླད་དུ་སྡུག་རུས་མཐའ་འཁྱོལ་བྱེད་ངེས་པའང་བདག་གིས་བདེན་དོན་གྱིས་བཞེངས་པའི་ཚེ་སྲོག་གི་དམ་བཅའ་ཡིན་ལ། ནམ་ཞིག་ཚེ་སྲོག་གི་མར་མེ་རླུང་གིས་བསད་པའམ། བླ་སྲོག་གི་དར་ལྕོག་གྲི་ཡིས་གཏུབ་པ་གང་ཡིན་ན་ཡང་འཆི་ཁའི་ཁ་ཆེམས་སམ་སྙིང་གཏམ་དྲོན་མོ་དེའང་འདི་ཡིན་ཞེས་འཁོད་འདུག
ཡི་གེ་དེའི་ཁ་བྱང་ལ་༼ སྲོག་གི་ཉེན་ཁ་ལས་སླར་ཡང་གསོན་པ་ ༽ཞེས་བླ་བྲང་ཨ་ཁུ་འཇིགས་མེད་ལགས་བཙོན་དུས་རྫོགས་ཏེ་གློད་གྲོལ་ཐོབ་རྗེས་ཀྱི་སྤྱི་ལོ་༢༠༡༦་ལོའི་སྤྱི་ཟླ་༡༡པའི་ཚེས་༢༦་ཉིན་བྲིས་བ་དང་། རིམ་པས་ཁོང་གི་ཉེ་འབྲེལ་ཞིག་བརྒྱུད་ནས་ལག་སོན་བྱུང་འདུག་ལ་འདས་པའི་ལོ་མང་རིང་ཨ་ཁུ་འཇིགས་མེད་ལགས་ཀྱིས་ལུས་སེམས་གཉིས་ཀྱི་ཐད་ནས་དཀའ་ངལ་ཅི་ཙམ་མྱངས་བ། ད་ལྟ་ད་དུང་མུ་མཐུད་དུ་དཀའ་སྡུག་མྱོང་མུས་སོགས་ལ་མི་མང་གིས་དོ་སྣང་ཆེད་ཁོང་གི་ཡི་གེ་དེ་བཀྲམ་པ་ཡིན་ཞེས་བྲིས་འདུག
བླ་བྲང་ཨ་ཁུ་འཇིགས་མེད་ལགས་དེ་སྔོན་རྒྱ་ནག་གི་བཙོན་ཁང་དུ་སྡོད་སྐབས་སྙིང་དང་ཁྲག་ཤེད་སོགས་ཀྱི་ན་ཚ་ཕོག་ཡོད་པ་ལྟར། ན་ནིང་གི་༡༢་པའི་ཚེས་༢༦་ཉིན་བླ་བྲང་བསང་ཆུ་རྫོང་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པ་ལས་དེའི་རྗེས་ཀྱི་གནས་ཚུལ་གསལ་པོ་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད།

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎