རྒྱལ་སྤྱི་ནང་ལི་བི་ཡ་ལ་དཔལ་འབྱོར་གྱི་དམ་བསྒྲགས་བཀག་སྡོམ།

ལི་བི་ཡའི་མི་མང་ངོ་རྒོལ་བ་དང་དྲག་ཟིང་གཡོལ་ཐབས་སུ་བྲོས་བྱོལ་ལ་འགྲོ་མཁན་ཕྱི་རྒྱལ་མི་རིགས་ཚོར་རྒྱལ་སྤྱི་ནས་སྲུང་སྐྱོབ་གནང་དགོས།

2011-02-28
Share

༄༅༎འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་འགན་འཛིན་ལྕམ་ན་ལྦི་པི་ལའེ་ཡིས་ལི་བི་ཡ་ཐོག་རྒྱལ་སྤྱི་ནས་དཔལ་འབྱོར་གྱི་དམ་བསྒྲགས་བཀག་བསྡོམས་གནང་བ་ཡིན་ན། དེས་ག་རྡ་ཕི་ལ་ངོ་རྒོལ་བྱེད་མཁན་ལི་བི་ཡའི་མི་མང་དང་དྲག་ཟིང་གཡོལ་ཐབས་སུ་བྲོས་བྱོལ་ལ་འགྲོ་མཁན་ཕྱི་རྒྱལ་མི་རིགས་ཚོར་རྒྱལ་སྤྱི་ནས་སྲུང་སྐྱོབ་གནང་རྒྱུའི་རྨང་གཞི་བརྟན་པོ་ཞིག་ཆགས་རྒྱུ་ཡིན་སྐོར་གསུངས་བཞག།

དེ་བཞིན་ལྕམ་པི་ལའེ་ཡིས་ལི་བི་ཡ་ཐེ་པའི་དཀྱིལ་ཤར་ཡུལ་གྲུང་ཁག་གི་སྲིད་གཞུང་ཚོས་དམངས་གཙོར་རྒྱབ་སྐྱོར་བྱེད་མཁན་མང་ཚོགས་ཀྱི་ངོ་རྒོལ་ཐོག་དྲག་གནོན་བྱེད་བཞིན་ཡོད་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་སྐོར་སུད་སི་གྲོང་ཁྱེར་ཇི་ནི་ལྦའི་ནང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་བདུན་བཞིའི་རིང་གི་ལྷན་འཛོམས་དེ་རིང་དབུ་འབྱེད་གནང་སྐབས་གསུངས་འདུག།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་དང་ཨུ་རུ་སུའི་ཕྱི་འབྲེལ་བློན་ཆེན་སེར་གེ་ལེལྦ་རོལྦ། ཡུ་རོཔ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་སྲིད་བྱུས་སྤྱི་ཁྱབ་ཀེ་ཐེ་རིན་ཨེཤི་ཀྲེན་ཐེ་པའི་འཛམ་གླིང་ཡུལ་ཁག་གི་མཐོ་རིམ་དཔོན་རིགས་རྣམ་པ་ཚོས་ དེ་རིང་ཇི་ནེ་ལྦའི་ནང་ ལིབ་ཡ་ཐོག་གནོན་ཤུགས་སྤྲོད་རྒྱུའི་ལས་དོན་མཉམ་རུབ་གནང་ཕྱོགས་སྐོར་གྲོས་མོལ་གནང་ཡོད་པ་དང༌། རྗེས་སུ་རྒྱལ་ཁབ་༤༧ཡོད་པའི་

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།