བལ་ཡུལ་གྱི་ཆེས་མཐོའི་ལས་མི་གསུམ་བསྐོ་བཞག་བྱེད་ཕྱོགས་སྐོར།

བལ་ཡུལ་གྱི་ཆེས་མཐོའི་ལས་གནས་གསུམ་ལ་མི་བསྐོ་བཞག་གནང་ཕྱོགས་ཐད་སྲིད་དོན་ཚོགས་པ་ཁག་སྤྱི་མོས་ཀྱི་འོས་འདེམས་བྱ་གལ་ཆེ་ལུགས།
2008-07-12
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བལ་ཡུལ་གྱི་བར་བརྒལ་སྲིད་འཛིན་དང་སྲིད་བློན་གྲོས་ཚོགས་ཚོགས་གཙོ་བཅས་ཆེས་མཐོའི་ལས་གནས་གསུམ་ལ་མི་འགྲོ་བསྐོ་བཞག་གནང་ཕྱོགས་ཐད་སྲིད་དོན་ཚོགས་པ་ཁག་སྤྱི་མོས་ཀྱི་འོས་འདེམས་བྱ་གལ་ཆེ་ལུགས་མའོའི་དམར་ཤོག་ཚོགས་པའི་དབུས་འགན་འཛིན་ལྷན་ཚོགས་ཀྱིས་ཐག་གཅོད་གནང་འདུག

ཅི་སྟེ་གོང་ཞུས་ཆེས་མཐོའི་ལས་གནས་གསུམ་ལ་སྤྱི་མོས་ཀྱི་མི་འགྲོ་གཏན་འཁེལ་མ་ཐུབ་ན་ མང་མོས་རྒྱབ་སྐྱོར་སུ་ཐོབ་ལ་བསྐོ་བཞག་བྱ་རྒྱུའི་ཐག་གཅོད་བྱས་ཡོད་ཅིང་ མའོའི་དམར་ཤོག་ཚོགས་པས་དབུས་རྒྱུན་ནས་བར་བརྒལ་སྲིད་གཞུང་གསར་འཛུགས་ཀྱི་ལས་དོན་རེས་གཟའ་ཟླ་བ་ནས་འགོ་འཛུགས་གནང་འཆར་ཡོད་པ་རེད་ རྩ་ཁྲིམས་གསར་བཟོའི་ཟིན་བྲིས་འགོད་ཕྱོགས་སྐོར་མའོའི་དམར་ཤོག་ཚོགས་པའི་དབུས་རྒྱུན་ནང་གོ་བསྡུར་བྱས་ཡོད་པ་མ་ཟད་ བལ་ཡུལ་གཞུང་གི་མཛད་གཙོ་རྣམས་བལ་ཡུལ་གྱི་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་ནས་མང་མོས་ས་བྱུང་ལ་བསྐོ་བཞག་བྱ་རྒྱུའི་མའོའི་དམར་ཤོག་ཚོགས་པས་དབུས་རྒྱུན་ནང་ཐག་གཅོད་གནང་ཡོད་ལུགས་མའོའི་དམར་ཤོག་ཚོགས་པའི་ཚོགས་གཙོ་པར་ཅན་རྡས་གསར་འགོད་པར་འགྲེལ་བརྗོད་གནང་འདུག ཡང་མའོའི་དམར་ཤོག་ཚོགས་པས་བལ་ཡུལ་གྱི་སྲིད་འཛིན་ལས་གནས་བཟུང་རྒྱུར་འདོད་མོས་མེད་པ་དང་ སྲིད་བློན་དང་ གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱི་ལས་གནས་སུ་མི་འགྲོ་གཏན་འཁེལ་ད་བར་བྱུང་མེད་ལུགས་མའོའི་དམར་ཤོག་ཚོགས་པའི་མགྲིན་ཚབ་པ་ ཀིརིཤ་ན་སྦ་ཧ་རྡུར་ མ་ཧ་རས་ གསུངས་འདུག

ད་ལྟའི་ཆར་བལ་ཡུལ་གྱི་ཀོང་རེསི་དང་སི་པི་ཨེན་གཉིས་ཀྱིས་སྲིད་འཛིན་ལས་གནས་འཐོབ་ཐབས་བྱེད་ཀྱི་ཡོད་ཅིང་ མའོའི་དམར་ཤོག་ཚོགས་པས་གཞུང་འཛིན་བྱ་ངེས་པ་ཡིན་པ་རེད་ ཡང་བལ་ཡུལ་གྱི་ལྷོ་ཕྱོགས་ཏེ་རའེ་ས་ཁུལ་ཡོངས་རྫོགས་གཅིག་ཏུ་བསྡུས་པའི་མ་རྡེ་སི་མངའ་སྡེ་ཞིག་གསར་འཛུགས་མ་ཐུབ་པར་མི་སེར་སྤེལ་བའི་རིང་ལུགས་མཚམས་འཇོག་ཡོང་གི་མེད་ལུགས་ཀྱི་མ་རྡེ་སི་གྲོས་ཚོགས་འཐུས་མིས་གཏམ་བཤད་བྱས་པ་དེ་ནི་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཆེ་ཁག་ལ་བློ་འཚབ་སྐྱེ་གཞི་ཆགས་ཡོ་དཔ་རེད༎

མཆན། (0)
Share
དྲ་གནས་ཆ་ཚང༌།