མའོའི་ཚོགས་པས་གྲོས་ཚོགས་ལམ་ལུགས་རྩ་མེད་བཟོ་ཐབས།

བལ་ཡུལ་གྱི་གཞུང་འཛིན་ཚོགས་པས་གྲོས་ཚོགས་ལམ་ལུགས་རྩ་མེད་བཟོ་རྒྱུའི་ལྐོག་བྱུས་གཤམ་གྱི་ཡོད་པ་ཀོང་རེ་སི་ཚོགས་པས་གསུངས་འདུག
2008-09-27
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བལ་ཡུལ་གྱི་གཞུང་འཛིན་མའོའི་ཚོགས་པས་བལ་ཡུལ་གྱི་གྲོས་ཚོགས་ལམ་ལུགས་རྩ་མེད་བཟོ་རྒྱུའི་ལྐོག་བྱུས་གཤམ་གྱི་ཡོད་ལུགས་བལཡུལ་གྱི་ཀོང་རེ་སི་སྲིད་དོན་ཚོགས་པའི་དབུ་ཁྲིད་གིརི་ཇ་པར་སའརྡེ་ཀོའེ་རེ་ལ་ཡིས་གསུངས་གནང་འདུག

མའོའི་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་ད་ཡོད་གཞུང་འཛིན་སྲིད་བློན་པར་ཅན་རྡ་ཡིས་གྲོས་ཚོགས་ཀྱི་མང་གཙོའི་ལམ་སྲོལ་དོར་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་གསར་གཏོད་བྱ་རྒྱུའི་སྐོར་གཏམ་བཤད་གནང་ཡོད་ཅིང་ དེ་ནི་དམར་པོའི་རིང་ལུགས་དང་མང་གཙོའི་རིང་ལུགས་གཉིས་མཉམ་བསྲེས་བྱ་རྒྱུ་ཡིན་པར་བརྟེན་ ངོ་རྒོལ་བྱ་རྒྱུ་ཡིན་ཞེས་ཀོང་རེ་སི་སྲིད་དོན་ཚོགས་པའི་དབུ་ཁྲིད་གིརི་ཇ་པར་སའརྡེ་ཀོའེ་རེ་ལ་ཡིས་གསུངས་གནང་འདུག

མའོའི་དམར་ཤོག་ཚོགས་པའི་འགོ་ཁྲིད་པར་ཅན་རྡ་ཡིས་རང་ཉིད་འབྱོར་མེད་གྲལ་རིམ་ཡིན་ལུགས་བརྗོད་ཀྱི་ཡོད་པ་དང་ གྲོས་ཚོགས་ཀྱི་མང་གཙོའི་ལམ་སྲོལ་དེ་འབྱོད་ལྡན་གྲལ་རིམ་ཡིན་ལུགས་གསུངས་གནང་ཡོད་ཀྱང་ཉེ་ལམ་ཁོང་གི་ཉལ་ཁྲི་གཅིག་ལ་ནེ་སྒོར་ཆིག་འབུམ་ལྡ་ཁྲི་སྤྲད་དེ་སྤུས་ཉོ་བྱས་ཡོད་པ་རེད་ཅེས་གིརི་ཇ་པར་སའརྡེ་ཀོའེ་རེ་ལ་ཡིས་སྐྱོན་བརྗོད་གནང་ཡོད་པ་རེད་ ཡང་མའོའི་དྲག་སྤྱོད་པ་རྣམས་གཞུང་དམག་ཁོངས་སུ་ཟླ་བསྒྲིལ་གཏོང་རྒྱུའི་མའོའི་སྲིད་དོན་ཚོགས་པའི་ལས་འཆར་དེར་ངོས་ལེན་མཐའ་ཅིག་ཏུ་མེད་ལུགས་གསུངས་པ་དང་ཆབས་ཅིག་ གཞུང་དམག་ནང་སྲིད་དོན་བཞུགས་བཅུག་ཐལ་མེད་པ་བྱ་གལ་ཆེ་བའི་ལམ་སྟོན་གནང་འདུག ཡང་མའོའི་གྱེན་ལོག་པའི་གོ་མཚོན་རྣམས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེད་གཉེར་སྐུ་ཚབ་ཀྱི་སྟངས་འཛིན་འོག་བཞག་ཡོད་ཀྱང་བར་སྐབས་ཤིག་མའོའི་ཉེན་སྲུང་པ་ཁག་ཅིག་གིས་གོ་མཚོན་བླངས་ཏེ་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་གནང་ཡུལ་དུ་འཛུལ་བཞུགས་བྱས་པར་གིརི་ཇ་པར་སའརྡེ་ཀོའེ་རེ་ལ་ཡིས་སྐྱོན་བརྗོད་གནང་ཡོད་པ་རེད༎

མཆན། (0)
Share
དྲ་གནས་ཆ་ཚང༌།