བལ་ཡུལ་སྲིད་འཛིན་གཞོན་པའི་དམ་བཅའ་ཧིན་རྡི་སྐད་ཐོག་ཕུལ་བ།

བལ་ཡུལ་གྱི་གཞུང་འབྲེལ་སྐད་ཡིག་ཏུ་ཧིན་རྡི་ངོས་འཛིན་ཡོང་ཐབས་བྱེད་ཀྱི་ཡོད་པ་བལ་ཡུལ་གྱི་སྲིད་འཛིན་གཞོན་པས་འགྲེལ་བརྗོད་གནང་འདུག

2008-07-26
Share

༄༅༎བལ་ཡུལ་གྱི་སྲིད་འཛིན་གཞོན་པའི་ལས་འཁུར་དམ་བཅའ་དང་གསང་རྒྱ་དམ་བཅའ་ཧིན་རྡི་སྐད་ཐོག་ཕུལ་བ་ནི་ མ་རྡེ་སི་མི་མང་ཐོབ་ཐང་འདུན་ས་ཚོགས་པའི་ཧིན་རྡི་བལ་ཡུལ་གྱི་གཞུང་འབྲེལ་སྐད་ཡིག་ཏུ་ཡོངས་གྲགས་ངོས་འཛིན་ཡོང་ཐབས་ཀྱི་སྲིད་བྱུས་ཡིན་པར་བལ་ཡུལ་གྱི་སྲིད་འཛིན་གཞོན་པ་ པ་ར་མ་ནན་རྡ་ཇའ་ ཡིས་འགྲེལ་བརྗོད་གནང་འདུག

བལ་ཡུལ་ནང་ཧིན་རྡི་སྐད་ཡིག་མེད་དུ་མི་རུང་བ་ཡིན་སྟབས་རྩ་ཁྲིམས་གསར་བཟོའི་ཟིན་བྲིས་ནང་ཧིན་རྡི་སྐད་ཡིག་ཚུད་ཐབས་བྱ་རྒྱུ་ཡིན་ལུགས་དང་ལྷག་པར་དུ་བལ་ཡུལ་ལྷོ་ཕྱོགས་སུ་འཁོད་པའི་མི་མང་གིས་ཁོང་གྲོས་ཚོགས་འཐུས་མིར་འོས་འདེམས་གནང་བར་བརྟེན་ མི་མང་གི་མངོན་འདོད་ལ་གུས་བརྩི་ཞུས་ཏེ་དམ་འབུལ་ཧིན་རྡིའི་སྐད་ནང་གནང་བ་ཡིན་ལུགས་ཁོང་གིས་མུ་མཐུད་གསུངས་གནང་འདུག བལ་ཡུལ་གྱི་སློབ་ཕྲུག་དང་ཚོགས་སྡེ་ཁག་གིས་ཧིན་རྡི་སྐད་ཐོག་དམ་འབུལ་གནང་བར་ངོ་རྒོལ་ཁྲོམ་སྐོར་གནང་ཡོད་པ་མ་ཟད་ དམ་འབུལ་ནུས་མེད་དུ་གཏོང་ཆེད་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་གྱོད་བཙུགས་གནང་ཡོད་པ་རེད་ བལ་ཡུལ་སྲིད་འཛིན་ ཡ་རྡལྦ་ མཆོག་གིས་དམ་འབུལ་བལ་པོའི་སྐད་ཐོག་གནང་ཡོད་ཀྱང་སྲིད་འཛིན་གཞོན་པ་ ཇའ་ མཆོག་གིས་བལ་པོའི་སྐད་ཡིག་ཐོག་ཁྲིམས་ལུགས་སུ་གཏན་འབེབས་ཡོད་པའི་ཚིག་གཞི་དེ་ཧིན་རྡི་སྐད་དུ་བསྒྱུར་ཏེ་ཧིན་རྡི་སྐད་ཡིག་ནང་དམ་འབུལ་གནང་བ་ཡིན་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།