གྲོང་ཁྱེར་ཅཱན་རྡི་གར་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་འདུ།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ནང་གི་གནས་སྟངས་རྟོག་ཞིབ་ཀྱི་ཆེད་ཛ་དྲག་གི་ཚོགས་ཆེན་ཚོགས་དགོས་པའི་ཞུ་སྙན་ཕུལ་འདུག

2008-06-30
Share

༄༅༎ད་རེས་ཉིན་གཉིས་ཀྱི་རིང་རྒྱ་གར་གྱི་གྲོང་ཁྱེར་ཅཱན་རྡི་གར་ནང་ལྷན་ཚོགས་གནང་བའི་ རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་གྱིས་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ བོད་ནང་གི་གནས་སྟངས་རྟོག་ཞིབ་ཀྱི་ཆེད་ ཛ་དྲག་གི་ཚོགས་ཆེན་ཚོགས་དགོས་པའི་ཞུ་སྙན་ཕུལ་ཡོད་འདུག

རྒྱ་གར་གྱི་གྲོང་ཁྱེར་ཅཱན་རྡི་གར་ནང་ལྷན་ཚོགས་གནང་བའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་དེར་ རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་མི་གྲངས་ ༤༠༠ བརྒལ་བ་ཞིག་ཕེབས་ཡོད་པ་དང་ ཚོགས་ཆེན་དེའི་སྐུ་མགྲོན་དུ་རྒྱ་གར་སྲིད་གཞུང་གོང་མའི་ཕྱི་སྲིད་བློན་ཆེན་ཟུར་པ་ ཡཱཤེ་ལྦན་སིན་ཧ་ དང་ བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་ བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་གཉིས་ཀྱང་ཕེབས་ཡོད་པ་རེད་ རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་གྱི་གསལ་བསྒྲགས་ནང་ མཉམ་འབྲེལ་རྒྱལ་ཚོགས་ནས་ བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་རྟོག་ཞིབ་ཆེད་ ཛ་དྲག་གི་ལྷན་ཚོགས་བསྡུ་བསྐོང་གནང་དགོས་པའི་སྐུལ་མ་གནང་ཡོད་པ་དང་ ཕྱོགས་མཚུངས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ བོད་ནང་ཆེད་ཕེབས་ཀྱིས་བོད་ཀྱི་དགོན་སྡེ་གྲྭ་ཚང་དང་བཙོན་ཁང་བཅས་ཀྱི་གནས་སྟངས་ལ་གཟིགས་ཞིབ་གནང་དགོས་པ་དང་ དེ་བཞིན་རྒྱལ་ཚོགས་ནས་རྒྱལ་ཚོགས་ནང་བོད་ཀྱི་གནད་དོན་གླེང་སློང་གིས་ བོད་རྒྱ་གཉིས་ཀྱི་ཞི་འགྲིག་ལས་དོན་ལ་ཐུགས་འཁུར་གནང་དགོས་སྐོར་བཀོད་ཡོད་པ་དང་ རྒྱ་གར་གཞུང་ལའང་དེ་མཚུངས་ཀྱིས་ བོད་རྒྱ་གཉིས་ཀྱི་གྲོས་མོལ་ལ་གྲུབ་འབྲས་ཡག་པོ་ཞིག་ཡོང་ཐབས་སུ་ རྒྱ་གར་གཞུང་གིས་ཐུགས་འཁུར་ཆེ་བཞེས་གནང་དགོས་པའི་སྐུལ་མ་ཞུས་ཡོད་པ་རེད་

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།