བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ལྔ་པ།

2016-01-11
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐབས་ལྔ་པའི་རྒྱུན་ལས་གསར་འདེམས་བྱུང་བ། ༢༠༡༦།༡།༡༡
བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐབས་ལྔ་པའི་རྒྱུན་ལས་གསར་འདེམས་བྱུང་བ། ༢༠༡༦།༡།༡༡
ཨ་རིག་དགེ་མཐོང་།

དེ་ཡང་རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ལྔ་པ་དེ་ཚེས༩ཉིན་བཞུགས་སྒར་རྡ་རམ་ས་ལའི་མེག་ལོར་གྷན་ཇི་དུ་བསྐོང་ཚོགས་གནང་འདུག བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཨ་རིག་དགེ་མཐོང་ལགས་ཀྱིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་བའི་ནང་། རྒྱལ་སྤྱིའི་པེན་ཚོགས་མིའི་ཁོངས་སུ་འཛུལ་བཞུགས་གནང་བའི་བརྒྱུད་རིམ་དང་། དེ་བཞིན་རྒྱལ་སྤྱིའི་པེན་ཚོགས་ཐོག་བོད་ཀྱི་སྐད་ཡིག་གི་གནས་སྟངས་དང་། བོད་ནང་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་རྩོམ་པ་པོའི་གནས་སྟངས་ཁག་ངོ་སྤྲོད་གནང་ཡོད་པ་དང་། བོད་ཀྱི་རྩོམ་པ་པོ་སྲུང་སྐྱོབས་སྐོར་གྲོས་ཆོད་ཁག་ཅིག་ཀྱང་འཇོག་ཐུབ་པ་བྱུང་ཡོད་སྐོར་སོགས་ངོ་སྤྲོད་གནང་འདུག
ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་མཁས་དབང་བཀྲིས་ཚེ་རིང་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་གཉིས་ཕེབས་ཡོད་འདུག  
སྐུ་མགྲོན་གཙོ་བོ་མཁས་དབང་བཀྲིས་ཚེ་རིང་ལགས་ཀྱིས་བོད་ཀྱི་རྩོམ་པ་པོའི་དཀའ་ངལ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་དང་། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་རྒྱ་ནག་གིས། བཙན་བྱོལ་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་ཕྱག་དེབ་རྩོམ་བྲིས་གནང་ཡོད་པ་དང་། རིམ་པས་རྩོམ་པ་ཚོས་བོད་ཀྱི་གནས་སྟངས་ངོ་སྤྲོད་གནང་སྟེ་བོད་མི་རང་གིས་བོད་ཀྱི་གནས་སྟངས་ངོ་སྤྲོད་གནང་ཐུབ་པ་བྱུང་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་འདུག
བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནི་ཕྱི་ལོ་༡༩༩༩ལོར་གསར་འཛུགས་བྱས་ཡོད་པ་དང་། ད་ལྟ་ཚོགས་པ་དེར་ཚོགས་མི་བརྒྱ་ལྷག་ཡོད་འདུག ཐེངས་འདིའི་ཚོགས་ཆེན་ཐེངས་ལྔ་པ་དེ་ཉིན་གཉིས་རིང་ལྷན་ཚོགས་གནང་སྟེ། རྩོམ་པ་ཁག་ཅིག་གིས་རྩོམ་བྲིས་སྐོར་གཏམ་བཤད་དང་། མ་འོངས་ལས་དོན་བྱ་ཕྱོགས་སྐོར་གྲོས་ཆོད་འཇོག་རྒྱུ། དེ་བཞིན་ཚེས༡༠ཉིན་རྒྱུན་ལས་གསར་འདེམས་སོགས་གནང་ཡོད་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།