པ་ཀི་སི་ཐན་ནང་སྲིད་བློན་གསར་པ་བསྐོ་བཞག

གཞུང་འཛིན་པ་ཀི་སི་ཐན་མི་མང་ཚོགས་པ་ཞེས་པའི་སྲིད་བློན་འོས་མི་རཱ་ཇ་པར་ལྦེཛ་ཨཤ་རཕ་སྲིད་བློན་ལས་གནས་སུ་གཏན་འཁེལ།

2012.06.23

༄༅༎པ་ཀི་སི་ཐན་གྱི་གཞུང་འཛིན་པ་ཀི་སི་ཐན་མི་མང་ཚོགས་པ་ཞེས་པའི་སྲིད་བློན་འོས་མི་རཱ་ཇ་པར་ལྦེཛ་ཨཤ་རཕ་ལ་གྲོས་ཚོགས་ཀྱི་འཐུས་མི་    ༣༤༢ཡོད་པ་ནས་༢༡༡གིས་རྒྱབ་སྐྱོར་ཐོབ་སྟེ་སྲིད་བློན་ལས་གནས་སུ་གཏན་འཁེལ་བྱུང་འདུག

གཞུང་འཛིན་ཚོགས་པའི་སྲིད་བློན་ཡུ་སུཕ་ར་ཛ་ཇི་ལ་ནི་ཡིས་ཆེས་མཐོའི་ཁྲིམས་ཁང་ལ་ཁྱད་གསོད་བྱས་པའི་ཉེས་འཛུགས་འོག་སྲིད་བློན་ལས་གནས་ནས་དགོངས་ཞུ་བྱེད་དགོས་བྱུང་འདུག དེ་ནི་ད་ཡོད་གཞུང་འཛིན་ཚོགས་པ་དང་ཁྲིམས་ལུགས་དབང་འཛིན་དབར་ཡུན་རིང་ནས་ཡོད་པའི་འཁོན་འཛིན་ནས་བྱུང་བ་ཞིག་ཡིན་པར་ཡིད་ཆེས་གནང་གི་ཡོད་པ་རེད།    སྲིད་དོན་ཉམས་ཞིབ་པ་རྣམས་ཀྱིས་པ་ཀི་སི་ཐན་ཡུལ་ནང་དཔལ་འབྱོར་ཉམ་པའི་ཛ་དྲག་གནས་སྟངས་དང་། ཨ་རི་དང་མཐུན་འབྲེལ་ཇེ་སྡུག་ཏུ་འགྲོ་བཞིན་པ། དྲག་སྤྱོད་པའི་ངོ་རྒོལ་གྱེན་ལངས་སོགས་དཀའ་ངལ་སྣ་ཚོགས་ལ་གདོང་ལེན་བྱེད་དགོས་པའི་སྐབས་འདིར་འཛིན་སྐྱོང་བ་དང་ཁྲིམས་ལུགས་དབང་འཛིན་པའི་དབར་འཐབ་རྩོད་ལ་མགོ་འཁོར་ཏེ་བཞུགས་ན་མི་འགྲིག་པ་ཡིན་པར་འགྲེལ་བརྗོད་གནང་གི་ཡོད་པ་རེད།

རྩ་བའི་ད་ལམ་གྲོས་ཚོགས་ཀྱི་མང་མོས་རྒྱབ་སྐྱོར་འཐོབ་པའི་སྲིད་བློན་རཱ་ཇ་པར་ལྦེཛ་ཨཤ་རཕ་ལ་གཞུང་འཛིན་ཚོགས་པའི་སྲིད་བློན་འོས་མིར་འདེམས་བསྐོ་མ་གནང་གོང་མཀ་རྡུམ་ཤའ་སྦུ་རྡིན་ལ་སྲིད་བློན་འོས་མིར་བསྐོ་གཞག་གནང་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དེ་སྔ་ལྐོག་ཟ་བྱས་པར་ཞིབ་དཔྱོད་ཆེད་ཁོང་འཛིན་བཟུང་བྱེད་དགོས་པའི་བཀོད་ཁྱབ་བཏང་བར་བརྟེན་འོས་མི་ནས་ཕྱིར་འཐེན་བྱེད་དགོས་བྱུང་བ་རེད།་ ཁོང་ནི་དཔལ་འབྱོར་དང་།   འཕྲོད་བསྟེན་བློན་ཆེན་ཟུར་པ་ཞིག་ཡིན་པ་རེད།    ད་ལམ་སྲིད་བློན་དུ་འདེམས་ཐོན་བྱུང་བའི་རཱ་ཇ་པཱར་ལྦེཛ་ཨཤ་རཕ་ཡང་དེ་སྔོན་ཆུ་དང་ནུས་ཤུགས་ཀྱི་བློན་ཆེན་གནང་མྱོང་ཡོད་པ་དང༌།    ལྐོག་ཟ་བྱས་པའི་གླེང་རྙོག་ཡོད་པ་རེད།

ཡང་དེ་སྔའི་སྲིད་བློན་ཡུ་སུཕ་ར་ཛ་ཇི་ལ་ནི་ཡིས་ཆེས་མཐོའི་ཁྲིམས་ཁང་ལ་ཁྱད་གསོད་བྱས་པའི་ཉེས་འཛུགས་ཕོག་དོན་ནི། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཨིཕ་ཏི་ཀར་ཅའོ་རྡ་རི་ཡིས་ད་ཡོད་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་ཡིས་དེ་སྔོན་ལྐོག་ཟ་བྱས་པའི་ཉེས་འཛུགས་ལ་ཞིབ་དཔྱོད་བྱེད་དགོས་པའི་བཀའ་ཡིག་བཏང་བར་སྲིད་བློན་གྱིས་བཀའ་བརྩི་དང་ལེན་མ་ཞུས་པ་མ་ཟད།    སྲིད་འཛིན་ལ་ཡུལ་ཁྲིམས་ཟོལ་ཡང་ཡོད་པའི་རྒྱུ་མཚན་འགྲེལ་བརྗོད་གནང་ཡོད་པ་རེད།    འོན་ཀྱང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དེ་ནི་ཁྲིམས་ཁང་ལ་ཁྱད་གསོད་བྱས་པའི་ཉེས་འཛུགས་གནང་བ་ཡིན་པ་རེད།    གང་ལྟར་ད་ལམ་འདེམས་ཐོན་བྱུང་བའི་སྲིད་བློན་རཱ་ཇ་པར་ལྦེཛ་ཨཤ་རཕ་ལ་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་འཚམས་འདྲི་གནང་ཡོད་པ་མ་ཟད།    ཡུལ་གྲུ་གཉིས་དབར་འབྲེལ་ལམ་སྔར་ལྷག་འབྱུང་བའི་ཐུགས་རེ་གནང་བཞིན་ཡོད་ལུགས་གསུངས་གནང་འདུག

ཕྱོགས་མཚུངས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ལྦིཀ་ཀྲོ་རི་ཡ་ནུ་ལེནདྲ་ཡིས་འཚམས་འདྲི་གནང་བ་དང་ཆབས་ཅིག    འབྱུང་འགྱུར་གྱི་ལས་དོན་མཉམ་འབྲེལ་ཐོག་ནས་བྱ་རྒྱུར་དུས་རབས་གསར་པ་ཞིག་འགོ་འཛུགས་ཐུབ་པའི་ཐུགས་རེ་ཡོད་ལུགས་གསུངས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུའི་མཛད་འཆར་ཁག་རེ་ཞིག་མཇུག་སྒྲིལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎