རང་ལུས་མེར་བསྲེཊ་གནང་མཁན་ནི་བཀྲ་ཤིས་རབ་བརྟན་ལཊ་རེད།


2016.12.09
རྨ་ཆུ་རྫོང་ཐོག་ནས་བཀྲ་ཤིས་རབ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྐབས། ༢༠༡༦།༡༢།༨ རྨ་ཆུ་རྫོང་ཐོག་ནས་བཀྲ་ཤིས་རབ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྐབས། ༢༠༡༦།༡༢།༨
བོད་འབྱོར།

མདོ་སྨད་རྨ་ཆུ་རྫོང་ཐོག་ནས་རང་ལུས་མེར་བསྲེཊ་གནང་མཁན་བཀྲ་ཤིས་རབ་བརྟན་གྱི་སྐུ་ཟླ་དང་བུ་མོ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། སྤྱི་ལོ་༢༠༡༦་ལོའི་ཟླ་༡༢་བའི་ཚེས་༨་ཉིན་གྱི་དགོང་དྲོར། རྨ་ཆུ་རྫོང་ཐོག་ནས་རྨ་ཆུའི་ཟམ་ཁར་འགྲོ་སའི་རྫོང་ཐོག་གི་ལམ་ཆེན་འགྲམ་ནས་རང་ལུས་མེར་བསྲེགས་གནང་མཁན་ནི་བཀྲ་ཤིས་རབ་བརྟན་ལགས་ཡིན་པ་དང་། ཁོང་གིས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་ཅེས་སྐད་འབོད་དང་མཉམ་རང་ལུས་མེར་བསྲེགས་གནང་རྗེས་རྒྱ་ནག་གི་ཉེན་རྟོག་པ་དང་དྲག་ཆས་དམག་མི་ཁོང་གི་ནང་ལ་འབྱོར་ནས། ཁྱིམ་མི་རྣམས་ལ་དྲག་པོའི་སྒོ་ནས་འདྲི་རྩད་སྣ་ཚོགས་བྱས་བ་མ་ཟད། བཀྲ་ཤིས་རབ་བརྟན་ལགས་གྱིས་རང་ལུས་མེར་བསྲེགས་པའི་དོན་རྐྱེན་བཟའ་ཚང་འཁོན་འཛིང་ལས་བྱུང་བ་མ་གཏོགས་རྒྱ་ནག་གཞུང་དང་འབྲེལ་བ་མེད་སྐོར་ཁས་ལེན་བྱེད་དགོས་ལུགས་སོགས་བཙན་བཀའ་བཏང་བ་སོགས་བྱས་རྗེས། ཁོང་གི་ཆུང་མ་དང་། བུ་མོ་ཆེ་བ་བཅས་འཇུ་བཟུང་བྱས་ཡོད་པ་གནས་ཚུལ་རྒྱུས་མངའ་ཡོད་མཁན་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་གནས་ཚུལ་འབྱོར་བ་ལྟར་ན། རང་ལུས་མེར་བསྲེགས་རྗེས་ཁོང་གི་ནང་མི་འབྲེལ་རྣམས་རྒྱ་ནག་ཉེན་རྟོག་ཁང་དུ་ཕུང་པོ་ལེན་པར་བསྐྱོད་སྐབས། གཉེན་ཉེ་བསོད་ནམས་ཡེ་ཤེས་གཙོས་མི་ཁག་གཅིག་ཡང་བཀག་ཉར་བྱས་ཡོད་འདུག
ད་ཆ་རྨ་ཆུ་རྫོང་ཐོག་ཏུ་རྒྱ་ནག་གིས་ཉེན་རྟོག་པ་དང་དམག་མི་དཀྲམ་ནས་དམ་དྲག་ཇེ་ཆེར་བཏང་ཡོད་འདུག
དགུང་ལོ་༣༣་ཙམ་ཡིན་པའི་བཀྲ་ཤིས་རབ་བརྟན་ལགས་ནི་མདོ་སྨད་རྨ་ཆུའི་ཁྲོ་ཁོ་སྨད་མའི་བྲག་ཐོ་རུ་ཆེན་ནས་ཡིན་པ་དང་། ཕ་མིང་ལ་བསྟན་འཕེལ་དང་མ་མིང་ལ་སྒྲོལ་དཀར་ཡིན་འདུག་ལ་ཁོང་དེ་སྔ་སྤྱི་ལོ་༢༠༡༢་ལོའི་ཟླ་༣་ཚེས་༣་ཉིན་རྨ་ཆུ་རྫོང་ཐོག་ནས་རང་ལུས་མེར་བསྲེགས་རྗེས་སྐུ་གྲོངས་བའི་ཚེ་རིང་སྐྱིད་ལགས་ཀྱི་ཕ་བསོད་ནམས་ཡེ་ཤེས་ཀྱི་ཕུ་བོའི་བུ་ཡིན་པ་རེད།
སྤྱི་ལོ་༢༠༠༩་ལོ་ནས་ད་བར་རྒྱ་ནག་གི་སྟངས་འཛིན་དབང་བསྒྱུར་འོག་བོད་ནང་གི་བོད་མིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་མཁན་༡༤༦པ་དེ་ཡིན་པ་དང་བོད་ཕྱི་ནང་གཉིས་བསྡོམས་པས་ད་བར་བོད་མི་ཁྱོན་༡༥༤་ཡིས་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་གནང་ཡོད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ། ཞུ་དག་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མཐོང་མཆན་འཛིན་མཁན་ལས་བྱེད་རྣམས་ཀྱང་ཕོགས་མེད་གུང་སེང་ལ་གཏོང་དགོས་བྱུང་བ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཨ་རིས་རྒྱ་ནག་ཕུད་པའི་རྒྱལ་ཁབ་གཞན་རྣམས་ལ་སྒོ་ཁྲལ་ཆག་ཡང་བརྒྱུད་རྒྱ་ནག་དང་ལྷན་དཔལ་འབྱོར་འབྲེལ་ལམ་ཇེ་ཞན་དུ་གཏོང་བར་གནོན་ཤུགས་སྤྲད་པའི་སྐྱོན་བརྗོད་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎