བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གྲོང་ཁྱེར་མེལ་བྷོན་ལ་འབྱོར་འདུག


2017.08.11
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨོ་སི་ཁྲོརིཡའི་གྲོང་ཁྱེར་(Melbourne)་དུ། ༢༠༡༧།༨།༡༡ སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨོ་སི་ཁྲོརིཡའི་གྲོང་ཁྱེར་(Melbourne)་དུ། ༢༠༡༧།༨།༡༡
sikyong/FB

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨོ་སི་ཁྲོརིཡའི་གྲོང་ཁྱེར་(Melbourne)་ནང་ཕེབས་འབྱོར་བྱུང་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཕྱི་ཟླ་བརྒྱད་པའི་ཚེས་༥ཉིན་ནས་ཨོ་སི་ཁྲོརིཡའི་གྲོང་ཁྱེར་Sydneyདང་།  Canberra ནང་གཞུང་འབྲེལ་ཕྱོགས་བསྐྱོད་དུ་ཕེབས་ནས་ཕྱི་ཚེས་༡༡ཉིན་གྲོང་ཁྱེར་Melbourne་ནང་ཕེབས་འབྱོར་བྱུང་ཡོད་ཅིང་དེ་ནི་སྲིད་སྐྱོང་མཆོག་གིས་ཨོ་སི་ཁྲོརིཡའི་གྲོང་ཁྱེར་གསུམ་ནང་གི་གཞུང་འབྲེལ་ཕྱོགས་བསྐྱོད་གནང་སའི་གྲོང་ཁྱེར་མཐའ་མ་དེ་ཡིན་པ་རེད།
གྲོང་ཁྱེར་Melbourne་ནང་བཞུགས་རིང་ སྲིད་སྐྱོང་མཆོག་ནས་རྒྱ་རིགས་ཤེས་ཡོན་ཅན་ཁག་ཅིག་དང་ དེ་བཞིན་དམངས་གཙོ་དོན་གཉེར་བ་ཁག་ཅིག་སློབ་ཕྲུག་སོགས་དང་ཐུགས་འཕྲད་གནང་རྒྱུའི་འཆར་གཞི་ཡོད་པ་དང་།   དེ་བཞིན་ས་གནས་བོད་མི་ཚོ་དང་ཡང་ཐུགས་འཕྲད་གནང་འཆར་ཡོད་ཅིང་།  སྲིད་སྐྱོང་མཆོག་མེལ་བོའོམ་གྲོང་ཁྱེར་ནང་ཕེབས་མ་ཐག་ཐོག་མར་གྲོང་ཁྱེར་དེའི་ནང་གི་ཨའོསི་ཊེ་ལི་ཡའི་རྒྱལ་ཡོངས་ABC  བརྙན་འཕྲིན་ལས་ཁང་གི་བཅའ་དྲིར་ལན་འདེབས་གནང་སྐབས།སྲིད་སྐྱོང་མཆོག་གིས་དེང་སྐབས་ཁྱིམ་མཚེས་རྒྱལ་ཁབ་ཚོའི་དབར་མི་རིགས་རིང་ལུགས་དང་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་ཞིག་ཁྱབ་བཞིན་ཡོད་པ་དང་  དེར་བརྟེན་ངས་འདིར་འཛམ་གླིང་ས་གནས་གཞན་ལ་ཡང་དེ་ལྟར་གྱི་སྲིད་བྱུས་ཁྱབ་བརྡལ་མི་འགྲོ་བའི་དྲན་སྐུལ་ཞུ་ཡི་ཡོད་ཅེས་གསུངས་ཡོད་འདུག   སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ཚེས་ ༡༣ ཉིན་ཨའོསི་ཊེ་ལེ་ཡ་ནས་ལྡི་ལིར་ཕྱིར་ལོག་ཕེབས་ཀྱི་ཡོད་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎