སྲིད་སྐྱོང་མཆོག་གིས་ཁེ་ཎ་ཌའི་རྒྱལ་ས་ཨོ་ཊ་ཝ་རུ་གཞུང་དོན་འཚམས་གཟིགས་གནང་བཞིན་འདུག

2023.11.20
སྲིད་སྐྱོང་མཆོག་གིས་ཁེ་ཎ་ཌའི་རྒྱལ་ས་ཨོ་ཊ་ཝ་རུ་གཞུང་དོན་འཚམས་གཟིགས་གནང་བཞིན་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཞུང་དོན་འཚམས་གཟིགས་ཆེད་ཁེ་ཎ་ཌའི་རྒྱལ་ས་ཨོ་ཊ་ཝ་རུ་ཕེབས་འབྱོར་སྐབས། ༡༡།༡༩།༢༠༢༣
CTC

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁེ་ཎ་ཌར་འཚོགས་པའི་(Halifax International Security Forum)་ལྷན་ཚོགས་སུ་མཉམ་ཞུགས་གནང་རྗེས། འདི་ཚེས་༡༩ཉིན་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་དང་ལྷན་ཁེ་ཎ་ཌའི་རྒྱལ་ས་ཨོ་ཊ་ཝ་(Ottawa)་་རུ་ཕེབས་འབྱོར་བྱུང་སྐབས། ཨོ་ཊ་ཝ་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམ་པ་་དང་། ཁེ་ཎ་ཊ་བོད་དོན་ལྷན་ཚོགས་(Canada Tibet Committee)་ཀྱི་འགན་འཛིན། དེ་བཞིན་ས་གནས་བོད་མི་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་གནང་བ་ཁེ་ཎ་ཌ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ད་རེས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་སྤེན་པ་ཚེ་རིང་མཆོག་གིས་ཉིན་གྲངས་བཞི་ཡི་རིང་། ཁེ་ཎ་ཌའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་། དེ་བཞིན་ཁེ་ཎ་ཌའི་ཕྱི་སྲིད་ཁུངས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་དང་། གཞན་བློ་འདོན་ལྟེ་གནས་ཁང་དང་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ལ་བཀའ་མོལ་གནང་རྒྱུ་ལ་སོགས་པའི་མཛད་རིམ་ཡོད་པ་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྐབས་བཅོ་ལྔ་བའི་(Halifax International Security Forum)་ལྷན་ཚོགས་ཀྱི་བརྗོད་གཞི་གཙོ་བོ་རྒྱལ་སྤྱིའི་བདེ་འཇགས་དང་མང་གཙོའི་སྐོར་ལ་ཡིན་པ་དང་། ཚོགས་ཆེན་དེ་བཞིན་ཕྱི་བསྒྲགས་གནང་བའི་མཛད་རིམ་ཞིག་དང་ཡང་ཕྱི་བསྒྲགས་མ་གནང་བའི་མཛད་རིམ་བཅས་ཁག་གཉིས་བྱས་ནས་ཚོགས་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་བསྒྲགས་མ་གནང་བའི་མཛད་རིམ་ནང་མཉམ་ཞུགས་གནང་ནས་བོད་དོན་གཏམ་བཤད་དང་གོ་བསྡུར་སོགས་ལྷུག་པོ་བྱུང་བ་གསུངས་བྱུང་།
ཨོ་ཊ་ཝ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཆོས་བཟང་ལགས་ཀྱིས། གནམ་ཐང་དུ་ཕེབས་བསུ་ཞུ་མཁན་མང་པོ་འབྱོར་ཡོད་པ་དང་། འདི་ཚེས་༢༠ཉིན་སྲིད་སྐྱོང་མཆོག་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་གྲོས་མོལ་སོགས་ཉིན་གྲངས་བཞིའི་རིངགཞུང་དོན་འཚམས་གཟིགས་གནང་རྒྱུ་དང་། དེའི་རྗེས་ཚེས་༢༤ཉིན་ཨ་མི་རི་ཀའི་(Minnesota)་དུ་ཕེབས་ཐོན་གནང་རྒྱུ་ཡིན་པ་རེད།


གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་མཆོག་གིས་རྒྱ་གར་གྱི་མེ་ཁོ་རོ་སོ་ཧྤོ་ཊི་ཡར་རྒྱས་ལྟེ་གནས་ཀྱི་འཛིན་སྐྱོང་འགན་འཛིན་ལ་མཇལ་ཁ་སྩལ་བ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎