སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་གཞུང་འབྲེལ་མཛད་འཆར་ཁག་དབུ་འཛུགས་གནང་འདུག

2024.04.15
སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་གཞུང་འབྲེལ་མཛད་འཆར་ཁག་དབུ་འཛུགས་གནང་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་མངའ་སྡེ་(Vermont)་ཁུལ་དུ་ཨ་རིའི་གྲོས་ཚོགས་འཐུས་མི་(Peter Welch)་ལགས་དང་མཇལ་འཕྲད་སྐབས། ༠༤།༡༢།༢༠༢༤
Facebook / Tibetan Association of Vermont

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དེང་སྐབས་བྱང་ཨ་རིའི་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཐེངས་འདིའི་སྲིད་སྐྱོང་མཆོག་གི་ཕྱོགས་བསྐྱོད་ཀྱི་དམིགས་ཡུལ་གཙོ་བོ་ནི། བོད་རྒྱའི་རྩོད་རྙོག་སེལ་ཐབས་ལ་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་གཏན་འབེབས་ཡོང་ཐབས་ཆེད་ཡིན་ཞིང་། དེའི་ཞོར་དུ་ཐོག་མར་ཁེ་ཎ་ཌ་ནས་དབུ་འཛུགས་ཀྱིས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། དེ་བཞིན་ཁེ་ཎ་ཌའི་ཆབ་སྲིད་མི་སྣ་སོགས་དང་མཇལ་འཕྲད་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་
སྤྱི་ཚེས་༡༢ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་མངའ་སྡེ་(Vermont)་ཁུལ་དུ་ཕེབས་འབྱོར་གྱིས་གྲོས་ཚོགས་འཐུས་མི་(Peter Welch)་ལགས་གཙོས་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་དང་གནད་ཡོད་མི་སྣ། (Burlington)་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་སོགས་དང་མཇལ་འཕྲད་གནང་ཡོད་པ་རེད།

Sikyong PT David Scherr, State Director.jpg
དེ་ནས་སྲིད་སྐྱོང་མཆོག་(Boston)་གྲོང་ཁྱེར་དུ་ཕེབས་འབྱོར་གྱིས་ས་གནས་བོད་མི་རྣམས་ལ་བཀའ་སློབ་དང་། བོད་མིའི་དཔལ་འབྱོར་བསྡུ་འགོད་ཀྱི་དགོང་དྲོའི་གསོལ་སྟོན་ཤིག་ལ་མཉམ་ཞུགས་གནང་འདུག་ལ། སྲིད་སྐྱོང་མཆོག་ས་གནས་གང་དུ་ཕེབས་ཀྱང་དམིགས་བསལ་གཞོན་སྐྱེས་རྣམས་དང་ཐུག་འཕྲད་གནང་གི་ཡོད་པ་ལྟར། སྤྱི་ཚེས་༡༤ཉིན་(Boston)་ཁུལ་དུ་ཡོད་པའི་བོད་མི་གཞོན་སྐྱེས་རྣམས་ལ་ཐུག་འཕྲད་ཀྱིས་བོད་དོན་ངོ་སྤྲོད་སོགས་གནང་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་(Boston)་ཁུལ་གྱི་མཛད་འཆར་ཁག་འགྲུབ་འཚམས་འདི་ཚེས་༡༤རེས་གཟའ་ཉི་མའི་ཕྱི་དྲོར་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། རེས་གཟའ་ཟླ་བ་ནས་ཕུར་བུའི་བར་གྱི་ཉིན་བཞི་ཡི་རིང་། ཨ་རིའི་གྲོས་ཚོགས་འཐུས་མི་དང་། ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་འཐུད་པ་གཙོས་པས་བོད་དོན་ཐོག་རོགས་རམ་གནང་མཁན་ཨ་རིའི་གཞུང་གི་སྡེ་ཚན་ཁག་མང་པོ་ཞིག་དང་མཇལ་མོལ་གནང་རྒྱུ་སོགས་ཀྱི་མཛད་རིམ་ཡོད་སྐོར་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།


གསར་འགོད་པ། རིག་ལྡན་སྒྲོལ་མ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་ངོས་ནས་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎