ལྕམ་སུའུ་ཆི་མཆོག་གིས་དབྱིན་ཇིའི་གྲོས་ཚོགས་ནང་གསུང་བཤད།

འབར་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སན་སུའུ་ཆི་མཆོག་དབྱིན་ཇིའི་གྲོས་ཚོགས་ནང་གསུངས་བཤད་གནང་འཆར་ཡོད་འདུག

2012.06.21

༄༅༎འབར་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སན་སུའུ་ཆི་མཆོག་དབྱིན་ཇིའི་གྲོས་ཚོགས་ནང་གསུངས་བཤད་གནང་འཆར་ཡོད་འདུག

དེ་ཡང་ལྕམ་ཨང་སན་སུའུ་ཆི་མཆོག་ལོ་ངོ་ཉི་ཤུ་རྩ་བཞི་ལྷག་ཙམ་གྱི་རྗེས་སུ་དབྱིན་ཡུལ་དུ་ཕེབས་འབྱོར་གྱིས་ཁུལ་དེའི་སྙན་གྲགས་ཅན་གྱི་ཨོཀ་སེ་ཕོདྲ་གཙུག་ལག་སློབ་གཉེར་ཁང་ནས་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་བཞེས་གནང་བ་དང་། དེ་བཞིན་འབྲེལ་ཡོད་མི་སྣ་མང་པོ་ཞིག་མཇལ་འཕྲད་གནང་ཡོད་རེད་ལ་སྲིད་བློན་ཀེམ་རོན་མཆོག་དང་ཡང་མཇལ་འཕྲད་གནང་རྒྱུ་ཡིན་འདུག

ཁ་ས་རེས་གཟའ་ལྷག་པའི་ཉིན་ཨོཀ་སེ་ཕོདྲ་གཙུག་ལག་སློབ་གཉེར་ཁང་ནས་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་བའི་སྐབས་ཁོང་གིས། ལོ་ངོ་མང་པོའི་རིང་བཟང་བཙོན་དུ་གནས་པའི་རིང་གཙུག་ལག་སློབ་གཉེར་ཁང་འདིའི་ནང་དུས་ཚོད་བསྐྱལ་བ་རྣམས་དྲན་གསོ་བྱེད་ཀྱི་ཡོད་པ་དང་། དེས་དཀའ་ངལ་ལ་གདོང་ལེན་བྱེད་རྒྱུར་ཕན་ཐོགས་བྱུང་། ད་རེས་དངོས་སུ་འདིར་བཅར་རྒྱུའི་སླར་ཡང་གོ་སྐབས་བྱུང་བར་དགའ་སྐྱོ་གཉིས་ཀ་བྱུང་ཞེས་གསུངས་ཡོད་འདུག ལྕམ་ཨང་སན་སུའུ་ཆི་མཆོག་བཟང་བཙོན་དུ་མ་བཞུགས་གོང་ལོ་ངོ་མང་པོ་ཞིག་ཁོང་གི་སྐུ་ཟླ་འདས་པོ་དང་སྲས་གཉིས་ཀྱི་མཉམ་དབྱིན་ཡུལ་དང་ལྷག་པར་དུ་གཙུག་ལག་སློབ་གཉེར་ཁང་འདིའི་ནང་བཞུགས་ཡོད་པ་དང་། དེའི་གོང་གཙུག་ལག་སློབ་གཉེར་ཁང་འདིའི་ནང་སློབ་སྦྱོང་ཡང་གནང་མྱོང་ཡོད་པ་བཅས་ཀྱི་ཆ་ནས་དབྱིན་ཡུལ་དེ་བཞིན་ཁོང་གི་ནང་ཁྱིམ་གཉིས་པ་ལྟབུ་ཞིག་ཆགས་ཡོད་པ་རེད། དེ་རིང་རེས་གཟའ་ཕུར་བུའི་ཉིན་དབྱིན་ཇིའི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་གསུངས་བཤད་གནང་གི་ཡོད་པ་དང་། དེ་ནི་ཁོང་ལ་ཆེ་བསྟོད་ཆེན་པོ་ཞུས་པ་ཞིག་ཀྱང་མཚོན་གྱི་ཡོད་འདུག ཡང་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་ཁོང་དགུང་གྲངས་དྲུག་བཅུ་རེ་བདུན་ལ་ཕེབས་པའི་འཁྲུངས་སྐར་དུས་ཆེན་ཡང་ཨོཀ་སེ་ཕོདྲ་གྱི་ཡན་ལག་སློབ་གྲོགས་ཟུར་པ་ཚོས་གོ་སྒྲིག་ཞུས་ཡོད་པ་མ་ཟད་སྦི་སྦི་སི་བརྙན་འཕྲིན་ནས་ཀྱང་ཁོང་ལ་བཅར་འདྲི་ཞུས་ཡོད་པ་བཅས་དབྱིན་ཡུལ་ནང་ལྕམ་ཨང་སན་སུའུ་ཆི་མཆོག་ལ་ཕྱོགས་གང་ས་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎