ཐེ་དབན་གཞོན་སྐྱེས་ཚོ་དམག་ཞབས་བསྐྱོད་དགོས་པའི་སྲིད་བྱུས།

ཐེ་དབན་ནང་སློབ་གྲ་ཐོན་པའི་གཞོན་སྐྱེས་ཚོ་དམག་ཞབས་སུ་ཟླ་བ་བཞི་རིང་ངེས་པར་བསྐྱོད་དགོས་པའི་སྲིད་བྱུས་གཏན་འེབབ་བྱས་འདུག

2011-12-14
Share

༄༅༎ཐེ་དབན་ནང་སློབ་གྲ་ཐོན་པའི་གཞོན་སྐྱེས་ཚོ་དམག་ཞབས་སུ་ལོ་གཅིག་རིང་ངེས་པར་བསྐྱོད་དགོས་པའི་གཏན་འབེབས་ཡོད་པ་དེ་བཞིན་ ད་ཆ་ཟླ་བ་བཞི་ལས་བསྐྱོད་མི་དགོས་པའི་སྲིད་བྱུས་གསར་དུ་གཏན་འབེབས་བྱུང་བའི་སྐོར་ཐེ་དབན་སྲུང་སྐྱོབས་ལས་ཁང་གིས་གཟའ་ལྷག་པའི་ཉིན་ཕྱིར་བསྒྲགས་གནང་ཡོད་འདུག ཐེ་དབན་སྲུང་སྐྱོབས་ལས་ཁང་གི་གྲོས་གཞི་དེར་གཟའ་མིག་དམར་གྱི་དགོངས་དྲོ་ཐེ་དབན་གྲོས་ཚོགས་ནས་གྲོས་མཐུན་བྱུང་ནས་ ཕྱི་ལོ་ཉིས་སྟོང་བཅུ་ལྔ་ལོ་ནས་བཟུང་གྲོས་ཆོད་དེ་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ཞིང་ ཐེ་དབན་སྲུང་སྐྱོབས་ལས་ཁང་གིས་ཐེ་དབན་གྱི་དམག་མིའི་གྲངས་འབོར་ཡང་དེ་སྔོན་གྱི་ཁྲི་ཉིས་ཤུ་རྩ་བདུན་ནས་ཁྲི་ཉི་ཤུ་རྩ་གཅིག་དང་ལྔ་སྟོང་བར་ཉུང་དུ་བཏང་ཡོད་པ་དང་ ཐེ་དབན་གྱི་དམག་མིའི་གྲངས་འབོར་དང་ སློབ་གྲ་ཐོན་པའི་སློབ་ཕྲུག་དམག་ཁོངས་སུ་ཞབས་ཞུར་བསྐྱོད་རྒྱུའི་ལོ་ཚད་ཉུང་དུ་གཏོང་རྒྱུ་དེས་ཐེ་དབན་གྱི་དམག་ཁོངས་ཀྱི་མ་དངུལ་འགྲོ་གྲོན་ཉུང་དུ་འགྲོ་རྒྱུ་ཡིན་པ་དང་ དེ་ལྟར་དམག་མིའི་གྲངས་འབོར་ཉུང་དུ་གཏོང་རྒྱུ་དེ་ཡང་ ཕྱི་ལོ་ཉིས་སྟོང་བརྒྱད་ལོར་ཐེ་དབན་གྱི་སྲིད་དབང་གོ་མིན་ཏང་ཚོགས་པས་འཛིན་པའི་རྗེས་ རྒྱ་ནག་དང་ཐེ་དབན་དབར་གྱི་འབྲེལ་ལམ་བཟང་དུ་ཕྱིན་ནས་ ཕྱོགས་གཉིས་དཀར་དགྲ་ཁ་གཏད་ཀྱི་རྣམ་པ་དེར་འགྱུར་ལྡོག་ཕྱིན་པའི་དབང་གིས་ཡིན་ལུགས་ཐེ་དབན་སྲུང་སྐྱོབས་ལས་ཁང་གིས་ཕྱིར་བསྒྲགས་བྱས་པའི་ནང་འཁོད་ཡདོ་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།