བཀྲིས་དབང་ཕྱུག་གི་གནད་དོན་ཐད་ཞིབ་འཇུག

2016-12-28
གློག་འཕྲིན།
མཆན།
Share
པར་བཀོད།
བཀྲིས་དབང་ཕྱུག་ལགས་དེ་སྔ་པེ་ཅིན་ལ་ཞུ་གཏུགས་ཆེད་བསྐྱོད་སྐབས།
བཀྲིས་དབང་ཕྱུག་ལགས་དེ་སྔ་པེ་ཅིན་ལ་ཞུ་གཏུགས་ཆེད་བསྐྱོད་སྐབས།
The New York Times

༄༅།    །འདི་ལོ་སྤྱི་ཟླ་༩པའི་ནང་བཀྲ་ཤིས་དབང་ཕྱུག་གི་གནད་དོན་དེ་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་བསྐྱལ་ནས་རྒྱལ་ཁབ་ཁ་བྲལ་ཀྱི་ཉེས་འཛུགས་བྱས་ཡོད།    འོན་ཀྱང་སྤྱི་ཟླ་༡༢ནང་ཁོང་གི་གནད་དོན་སྐོར་ཞིབ་འཇུག་བྱ་རྒྱུའི་དུས་ཚོད་མང་ཙམ་དགོས་སྟབས་གྱོད་དོན་དེའི་ཐད་རྒྱ་གཞུང་གི་ཁྲིམས་གཏུགས་བྱེད་མཁན་གྱིས་རེ་འདུན་ལྟར་ཁྲིམས་དཔོན་གྱིས་ཕྱིར་སློག་བྱས་པའི་སྐོར་ཕྱི་ཚེས་༢༨ཉིན་ཨ་རིའི་ནིའུ་ཡོརྐ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།  རྒྱ་གཞུང་ཉེན་རྟོག་པས་ཞིབ་འཇུག་དེ་ཟླ་༡པའི་ཚེས་༤སྔོན་དུ་ཚར་རྒྱུ་ཡིན་པ་བརྗོད་འདུག    ད་ལྟའི་སྐབས་སུ་གནས་ཚུལ་ག་རེ་ཆགས་མིན་ཤེས་རྟོགས་དཀའ་ན་ཡང་།    ཁྲིམས་ཁང་གིས་གྱོད་དོན་དེ་ལ་ཁས་ལེན་བྱས་ན་བཀྲིས་དབང་ཕྱུག་ཁོང་ལ་ཁྲིམས་གཅོད་ཉེས་པ་ཕོག་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།    ཚོང་པ་བཀྲ་ཤིས་དབང་ཕྱུག་རྒྱ་གཞུང་གིས་ཟླ་༡ ཚེས་༢༧ ཉིན་ཡུལ་ཤུལ་ནས་འཛིན་བཟུང་བཀག་ཉར་བྱས་ནས་ཁྲིམས་ཐག་མ་བཅད་པར་ད་བར་ལྷག་ཡོད་ལ་ཁོང་གི་གནད་དོན་ཐོག་རྒྱལ་སྤྱིའི་བརྒྱུད་ལམ་དང་གཞུང་གི་མི་སྣ་སོགས་ཀྱིས་དོ་སྣང་ཆེན་པོ་བྱ་ཡུལ་ཞིག་ཆགས་ཡོད་པ་རེད།
བཀྲ་ཤིས་དབང་ཕྱུག་གིས་རང་ཉིད་ཀྱི་སྤྱི་ཚོགས་དྲ་ལམ་སྟེང་དུ་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། རྒྱ་གཞུང་འགོ་ཁྲིད་ཚོས་དེ་ལ་རམ་འདེགས་བྱེད་དགོས་སྐོར་བྲིས་ཡོད་འདུག དེ་བཞིན་ལོ་སྔོན་མའི་ནང་ཁོང་གིས་རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་སྐད་དང་རིག་གཞུང་ལ་སྲུང་སྐྱོབ་དགོས་སྐོར་བཀོད་པ་གཞིར་བཞག་ནས་ཡུལ་ཤུལ་དང་བོད་ཀྱི་སློབ་གྲྭ་ཁག་ནང་བོད་ཡིག་དེ་རྒྱ་ཡིག་བཞིན་རྩིས་མཐོང་དང་སློབ་ཁྲིད་བྱེད་པའི་ཆེད་དུ་ཞུ་གཏུགས་བྱས་པས་མ་ཟད། གནས་སྟངས་དེ་ལ་རྒྱབ་སྐྱོར་ཐོབ་ཆེད་དུ་ཁོང་པེ་ཅིང་དུ་ཞུ་གཏུགས་ཆེད་བསྐྱོད་ནས་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཡང་དེའི་སྐོར་ལ་འགྲེལ་བཤད་གནང་བ་སོགས་གནང་ཡོད་པ་རེད།


གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ།

མཆན། (0)
Share
དྲ་གནས་ཆ་ཚང༌།